84116
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། གཞི་ནི། ལས་ཀྱི་ལམ་སོ་སོ་དག་ལ་སོ་སོར་ངེས་པར་བལྟ་བར་བྱ་སྟེ། དེ་ལ་བརྟེན་ནས་སེམས་ཅན་དུ་བགྲང་བའམ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་གཞི་དེས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཅི་རིགས་པར་འབྱུང་ངོ་། །འདུ་ཤེས་ནི། འདུ་ཤེས་ནི་རྣམ་པ་བཞིར་བལྟ་བར་བྱ། བསམ་པ་ནི། འདུ་ཤེས་ཕྱིན་ཅི་ལོག་གམ་འདུ་ཤེས་ཕྱིན་ཅི་མ་ལོག་པ་བྱེད་འདོད་པ་ཉིད་གང་ཡིན་པའོ། །ཉོན་མོངས་པ་ནི། འདི་དག་ཡིན་ཏེ་འདི་ལྟ་སྟེ། ཆགས་པའམ་ཞེ་སྡང་ངམ་གཏི་མུག་གམ། ཆགས་པ་དང་ཞེ་སྡང་ངམ་ཆགས་པ་དང་གཏི་མུག་གམ་ཞེ་སྡང་དང་གཏི་མུག་གམ་ཆགས་པ་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་དོ། །མཐའ་ནི། མངོན་པར་འདོད་པའི་ལས་དེ་ཉིད་ཀྱི་དེ་དང་འབྲེལ་བའི་སྦྱོར་བས་དུས་དེ་ཉིད་ཀྱི་ཚེའམ་དུས་དེའི་འོག་ཏུ་ཡོངས་སུ་རྫོགས་པར་གྱུར་པའོ། ། |
| Domain | ཆོས་ལུགས། |