84139

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་སྒྲིབ་པའི་གཉེན་པོར་འགྱུར་བ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་ལས་བྱུང་བ་སྟེ། ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསམ་པ་ཐག་པ་ནས་ཉེ་བར་བསྙེན་ནས་ཁ་ན་མ་ཐོ་བ་ཐམས་ཅད་བཤགས་པར་བྱེད་པ། སེམས་ཅད་ཐམས་ཅད་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་ལ་དམ་པའི་ཆོས་ཟབ་མོ་བཤད་པར་གསོལ་བ་འདེབས་པ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་དག་ལ་རྗེས་སུ་ཡི་རང་བ། བསོད་ནམས་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པའོ། །
Domain ཆོས་ལུགས།