84149
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། གོང་གི་ཆོས་ཚན་ ༣༣༡༥–༣༣༡༧ གསུམ་ལ་མཛད་བྱང་མི་གསལ་ཡང་། བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དེ་དག་འཕགས་པ་མཽངྒལ་གྱི་བུ་ཆེན་པོས་མཛད་པ་འཁོད་པ་དང་། “འདི་དག་བྱེ་བྲག་ཏུ་སྨྲ་བ་རྣམས་བཀའ་རུ་འདོད་ལ། མདོ་སྡེ་པ་རྣམས་བསྟན་བཅོས་སུ་བཞེད་དོ། ། ཞེས་དང་། ཡང་བུ་སྟོན་ཆོས་འབྱུང་དུ་འདི་དག་བྱེ་བྲག་ཏུ་སྨྲ་བས་བཀར་འདོད་ལ་དཀར་ཆག་ཆེན་པོ་དག་ཏུ་ཡང་བཀར་བཤད་མོད་ཀྱི་མདོ་སྡེ་པ་ལ་སོགས་པ་བསྟན་བཅོས་སུ་འདོད་པ་བཞིན་གནས་སོ། ། ཡང་དཀར་ཆག་དེ་དག་ཏུ་ཆོས་ཚན་འདི་གསུམ་གྱི་སྤྱིའི་མཚན་ལ་འཕགས་པ་མཽངྒལ་གྱི་བུ་ཆེན་པོས་མཛད་པའི་གདགས་པའི་བསྟན་བཅོས་ཞེས་དང་། ཆོས་ཚན་ ༣༣༡༥ པའི་མཇུག་བྱང་དུ་“འཇིག་རྟེན་གཞག་པ་རྫོགས་སོ། ། ༣༣༡༦ པའི་མཇུག་བྱང་དུ་རྒྱུ་གདགས་པ་རྫོགས་ཏེ་གཉིས་པའོ། ། ༣༣༡༧ པ་ལ་ལས་གདགས་པ་བཤད་པ་སྟེ་གསུམ་པ་རྫོགས་སོ། ། ཞེས་གོ་རིམ་གཉིས་པ་དང་གསུམ་པ་འཁོད་པས་ཆོས་ཚན་ཀྱང་གཅིག་ཡིན་ནམ་དཔྱད། བསྟན་འགྱུར་མངོན་པ་ཨི་པར་བཞུགས། |