84151
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་ཀྱི་སྒོ་ནས་བཞག་པའི་ལས་འབྲས་བཞིའི་ནང་གསེས་ཤིག ལས་མི་དགེ་བ་སྟེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར། གཅིག་ཏུ་གནག་པ་ཡིན་ལ། རྣམ་པར་སྨིན་པ་ཡིད་དུ་མི་འོང་བའི་ཕྱིར། རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པའོ། །འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི་ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ནོ། །ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་པོ་ཡང་ཡིན། ནག་པོ་ཡང་ཡིན་པ་དེ་ལྟ་བུ་ནི་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟ་ན་མི་དགེ་བ་ཡང་དགེ་བ་དང་འདྲེས་པའི་ཕྱིར་དཀར་ནག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་ན་མི་དགེ་བ་གདོན་མི་ཟ་བར་དགེ་བ་དང་འདྲེ་བ་ནི་མ་ཡིན་ཏེ། དེ་སྟོབས་དང་ལྡན་པའི་ཕྱིར་རོ། །དགེ་བ་ནི་སྟོབས་ཆུང་བའི་ཕྱིར་འདྲེ་བར་འགྱུར་རོ་ཞེས་སོ། ། |
| Domain | ཆོས་ལུགས། |