84177
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལས་ཆེན་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལས། ཞི་བའི་སྒྲུབ་ལུགས་ལྔའི་ཡ་གྱལ་དུ་གྱུར་པ། དམ་པ་རིགས་བརྒྱར་སྒྲུབ་པའི་མན་ངག་གི་བྱེ་བྲག་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། ལས་ཆེན་ལྔ་ནི༔ གཟུངས་བ་དལ་གྱི་ཆོ་ག༔ རིམ་པ་དབང་གི་ཆོ་ག༔ བྱིན་རླབས་རབ་གནས་ཀྱི་ཆོ་ག༔ ཚེ་འདས་རོ་བསྲེག་གི་ཆོ་ག༔ ལྷོ་སྒོ་ངན་སོང་སྦྱོང་བའི་ཆོ་ག་དང་ལྔའོ༔ ཞེས་དང་། བཀའ་བརྒྱད་རྣམ་བཤད་ལས། དམ་པ་རིགས་བརྒྱར་སྒྲུབ་པ་ལ་ལས་ཆེན་ལྔ་དང་། ལས་ཆུང་ལྔ་སྟེ། ཆོས་ཚན་བཅུར་ཡོད་པ་ལས། ལས་ཆེན་ལྔ་ནི། གཟུང་བ་དཀྱིལ་འཁོར་གྱི་ཆོ་ག རིམ་པ་དབང་གི་ཆོ་ག བྱིན་རླབས་རབ་གནས་ཀྱི་ཆོ་ག ཚེ་འདས་རོ་སྲེག་གི་ཆོ་ག ལྷོ་སྒོ་མཚན་བྱང་གི་ཆོ་ག་ལྔའོ། །ཞེས་གསུངས། འདི་གཉིས་རྩི་སྲོལ་ཅུང་མི་འདྲ་ནའང་ཐ་སྙད་ཙམ་ལས་དོན་ལ་གཅིག་མཚུངས་སུ་སྣང། |
| Domain | ཆོས་ལུགས། |