84193
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། མཐེ་བོང་དང་མཐེའུ་ཆུང་མཉམ་ལ། ལྷག་མ་ཐམས་ཅད་བརྐྱང་པ་སྡིག་པ་བསྲེག་པའི་ཕྱག་དེ་ཉིད་གཡོན་དུ་བསྒྱུར་བ་ལས་ཐམས་ཅད་པའི་ཕྱག་རྒྱ་རྣ་ལྟག་གཡོན་དུ་བཞག་ལ། ཨོཾ་ཀརྨ་ཨབྷི་ཥིཉྩ་ཨཿ། ཞེས་བརྗོད་པས། རྣ་ལྟག་གཡོན་གྱི་གནས་དེར་དོན་ཡོད་གྲུབ་པ་བཞུགས་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། |
| Domain | ཆོས་ལུགས། |