84206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་དཀར་རྣམ་སྨིན་དཀར་བའི་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མདོ་ལས། ལས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གསུངས་པ་དེ་གང་ཞེ་ན། གཟུགས་སུ་གཏོགས་པའི་དགེ་བ་ནི་རིམ་པ་བཞིན་དུ་མི་དགེ་བ་དང་མ་འདྲེས་པས་ལས་དཀར་འབྲས་བུ་ཡིད་དུ་འོང་བས་རྣམ་སྨིན་ཀྱང་དཀར་བ་དང་། ཀུན་ལས་བཏུས་ལས་ནི། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། ཁམས་གསུམ་པའི་དགེ་བའོ། །ཀུན་ལས་བཏུས་ལས་ནི། འདོད་པའི་དགེ་བ་དང་གཟུགས་མེད་ཀྱི་དགེ་བའང་དཀར་ལ་རྣམ་སྨིན་དཀར་བའི་ལས་སུ་བཤད་དོ། །འོ་ན་ཅིའི་ཕྱིར་གཟུགས་མེད་པའི་དགེ་བ་དཀར་བར་མ་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་གང་ན་རྣམ་སྨིན་སྐྱེ་སྲིད་དང་བར་སྲིད་གཉིས་ཡོད་པ་དང་ལུས་ལ་སོགས་པའི་ལས་གསུམ་ག་ཡོད་པ་དེར་དེ་དག་གི་དབྱེ་བ་འཆད་ན་གཟུགས་མེད་ན་དེ་དག་མེད་པའི་ཕྱིར་རོ། །ཞེས་འཆད་མོད་ཀྱི། འོན་ཀྱང་མདོ་གཞན་ལས་ནི་དཀར་ལ་རྣམ་པར་སྨིན་པར་དཀར་བའི་ལས་གང་ཞེ་ན། གཟུགས་མེད་པ་བཞིའོ་ཞེས་གཟུགས་མེད་པའི་དགེ་བའང་དེར་བཤད་པའི་ཕྱིར་དེ་ཡང་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།