84216
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ས་གཉིས་པ་བརྟེན་པ་གཞིའི་སར་ཐོབ་པའི་རྣལ་འབྱོར་བཞིའི་གཉིས་པ་ཡིན། ཐོག་མར་སྔགས་ལ་སྤྱོད་པས་དང་པོའི་ལས་ཅན་གྱི་རྣལ་འབྱོར་སྟོང་པ་ཉིད་དུ་བདག་དག་པར་བསྒོམ་པས་ལས་དང་པོའི་རྣལ་འབྱོར་ཞེས་བྱ། མཚན་བཅས་ལྷ་སྒོམ་སྐབས། ཉམས་གོམས་པ་ཐོག་མར་བསླབ་པའི་ལས་ལ་མགོ་འཛུག་པ་དང་། ཉམས་འདི་རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་ལ་སྦྱར་ཏེ་འཕྲོ་འདུ་ནི་སྣ་ཡིས་དྲི་ཚོར་ཚད་དུ། ཁྱོན་ནི་ཁྲུ་བརྒྱད་དེ་ལུས་ཉིས་འགྱུར་དང་། གྲངས་ནི་ཡབ་ཡུམ་གཉིས་ཡན་ལག་གི་ལྷ་དང་བཅས་པ། རྣམ་པ་ནི་མཚན་མའི་ལྷའོ། །མཚན་མེད་ཆོས་ཉིད་སྒོམ་ཚེ་རྩོལ་བ་སྦྱོར་བའི་གནས་སྐབས་འདིར་སྨོན་པ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་ཕལ་པ་ལྟར་ཆོས་ཉིད་ཡུལ་དུ་འཆར་ཏེ། ཆོས་ཉིད་ཡིད་ལ་བྱེད་པའི་ལྟ་བ་དང་ལས་ཀྱི་བག་ཆགས་ཀྱི་དུག་ཐོག་མར་འཇོམས་པས་དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་ནམ། གསང་སྔགས་ཀྱི་བསླབ་པ་མཆོག་གི་གཞིར་གྱུར་ཕྱིར་རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་ལ་གནས་ཏེ། དག་མ་དག་ཕྲ་མེན་དུ་སྤྱོད་པར་གསུངས་སོ། ། |
| Domain | ཆོས་ལུགས། |