84218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་དང་འཇུག་པ་སོགས་རབ་ཏུ་དབྱེ་བའི་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་བཤད་ལས་བྱུང་བ་སྟེ། ལས་རབ་ཏུ་དབྱེ་བ་ནི། དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །འཇུག་པའི་རབ་ཏུ་དབྱེ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང༌། ལྷན་ཅིག་ཏུ་ཅིག་ཅར་དང་ཅིག་ཅར་མ་ཡིན་པར་འཇུག་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ནི། ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བའོ། །དོན་དམ་པའི་རབ་ཏུ་དབྱེ་བ་ནི། ལེན་པ་མི་མཐོང་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ལ་ཞེས་བྱ་བའི་བར་དུ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་གང་ཡིན་པ་དེ་ནི་དོན་དམ་པའི་སྤྱོད་ཡུལ་གྱི་གསང་བ་ཡིན་པར་ཤེས་པར་བྱའོ། །བརྒལ་བའི་ལན་གྱི་རབ་ཏུ་དབྱེ་བ་ནི། ས་བོན་བསྡུས་པས་གཞན་གཉིས་ཀྱང་བསྡུས་པའི་ཕྱིར། དེ་གསང་བར་བསྡུས་པས་གཞན་གཉིས་པོ་ཡིད་དང་རྣམ་པར་ཤེས་པ་ཡང་གསང་བར་བསྡུས་པར་ཤེས་པར་བྱའོ། །
Domain ཆོས་ལུགས།