84219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་དང་རྣམ་སྨིན་ཟད་བྱེད་ཀྱི་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མདོ་ལས། ལས་མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་ལ་ལས་ཟད་པར་བྱེད་པའི་ལས་གསུངས་པ་དེ་གང་ཞེ་ན། ལས་དང་རྣམ་སྨིན་གསུམ་པོ་དེ་དག་ཟད་ཅིང་སྤོང་བར་བྱེད་པ་ནི་ཟག་པ་མེད་པའི་ལས་ཡིན་ཏེ། དེ་ལ་ནི་མི་གནག་ཅིང་མི་དཀར་བ་ཞེས་བྱ་སྟེ། ཟག་བཅས་ཀྱི་ལས་དགེ་མི་དགེ་གཉིས་ཀ་མ་ཡིན་པའི་ཕྱིར་དང་། འཁོར་བར་འཇུག་པ་དང་འགལ་བས་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་མི་འོང་གཉིས་ཀ་མེད་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།