84226
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཐོང་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་དང་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་བར་ཆད་མེད་པའི་ལམ་བརྒྱད་ཀྱི་སེམས་པ་སྟེ་དེ་ལྟར་སེམས་པ་རྣམ་པ་བཅུ་གཉིས་པོ་གང་དག་ཡིན་པ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ཟག་པ་མེད་པའི་ལས་ཡིན་ཏེ། འདོད་པའི་སྡིག་པ་མི་དགེ་བའི་ཆོས་སྤོང་བར་བྱེད་པའི་ཕྱིར་རོ། །ཆོས་ཤེས་པ་བཞི་དང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་བརྒྱད་དེ་བཅུ་གཉིས་ནི་མ་ཡིན་ཏེ། དེ་དག་རྣམ་གྲོལ་གྱི་ལམ་ཡིན་པའི་ཕྱིར་རོ། །རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་བརྒྱད་ཀྱང་ནག་པོའི་གཉེན་པོ་མ་ཡིན་ཏེ། དེ་དག་ནི་ཁམས་གོང་མའི་གཉེན་པོ་ཡིན་གྱི་འདོད་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |