From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
རིག་གནས་ཆུང་བ་ལྔ་སྟེ། སྙན་ངག་གམ། མངོན་བརྗོད་དམ། སྡེབ་སྦྱོར་རམ། ཟློས་གར་རམ། སྐར་རྩིས་རྣམས་སོ། ལྟ་བུའི་སྐབས་ཀྱི་གམ་སྒྲ་ལྟ་བུ།
|
གམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
སྙན་ངག་གམ། མངོན་བརྗོད་དམ། སྡེབ་སྦྱོར་རམ། ཟློས་གར་རམ། སྐར་རྩིས་རྣམས་ནི་རིག་གནས་ཆུང་བ་ལྔའོ། ལྟ་བུའི་སྐབས་ཀྱི་གམ་སྒྲ་ལྟ་བུ།
|
གམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
མི་ལ་རས་པའི་རྣམ་ཐར་ལས། ཁྱེད་རང་ལ་དབང་བའི་ནོར་གསེར་སེ་བ་གཅིག་གམ། ནས་ཕུལ་གང་ངམ། མར་ཉག་གཅིག་གམ། གོས་དར་རྐྱང་སྣ་གཅིག་གམ། དུད་འགྲོ་ཚེ་འཛུགས་གཅིག་ཀྱང་མིག་གིས་མ་མཐོང་། ཞེས་འབྱུང་བ་ལྟ་བུ།
|
གམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། ཁྱེད་ཀྱིས་དོན་དེ་ཤེས་སམ། དེ་ཡིན་ནམ། དེ་འགྲིག་གམ་ལྟ་བུ།
|
| Keyword
|
True
|
གམ་ (5)
| Part of speech
|
ཕྲད་ཚིག
|
| Definition
|
ཐེ་ཚོམ་ལ་འཇུག་པ། འགྲིག་གམ་མི་འགྲིག་བརྡར་ཤ་མི་ཆོད་ལྟ་བུ།
|
| Keyword
|
True
|
གམ་ (1)
| Part of speech
|
མིང་ཚིག
|
| Definition
|
ཉེ་དྲུང་ངམ་འཁྲིས་ཀྱི་དོན་ཏེ།
|
| Example
|
ང་ཕ་མའི་གམ་ན་ཡོད་ལྟ་བུ།
|