84238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་བཅུ་དྲུག་ (1)
Part of speech མིང་ཚིག
Definition མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བ་སྟེ། ༡ གཅིག་ནས་གཅིག་ཏུ་བརྒྱད་པའི་སྦྱོར་བའི་ལས། ༢ ཕྱིན་ཅི་མ་ལོག་པའི་ལས། ༣ གཞན་གྱིས་བྱེད་དུ་མ་བཅུག་པར་ལྷག་པའི་བསམ་པས་བདག་ཉིད་སྦྱོར་བའི་ལས། ༤ མི་འཁྲུགས་པའི་ལས། ༥ ཟང་ཟིང་དང་མ་འདྲེས་པ་དང་། ཕན་འདོགས་པ་དང་། གནོད་པ་བྱེད་པ་ལ་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་མེད་པ་དང་། ཚེ་རབས་གཞན་དུ་རྗེས་སུ་འཇུག་པ་དང་། ཚིག་གསུམ་གྱིས་ཟང་ཟིང་མེད་པའི་ལས། ༦ ཚིག་གཉིས་ཀྱིས་དེ་དང་མཐུན་པའི་ངག་དང་། ལུས་ཀྱི་ལས། ༧ བདེ་སྡུག་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ལས། ༨ མི་ཞུམ་པའི་ལས། ༩ མི་བཟློག་པའི་ལས། ༡༠ ཐབས་ཡོངས་སུ་འཛིན་པའི་ལས། ༡༡ ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས། ༡༢ རྒྱུན་མི་འཆད་པའི་དེ་ཡིད་ལ་བྱེད་པའི་ལས། ༡༣ ཕར་ཕྱིན་དྲུག་ལ་ཡང་དག་པར་སྦྱོར་བའི་ལས་དང་། བསྡུ་བ་དངོས་པོ་སྦྱོར་བ་དང་། ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས། ༡༤ སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་གུས་པར་ཚུལ་བཞིན་ཉན་པ་དང་། དགོན་པ་ལ་གནས་པ་དང་། རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ཆགས་པས་གླུ་གར་སོགས་འཇིག་རྟེན་པའི་བྱ་བ་སྣ་ཚོགས་ཡོངས་སུ་སྤོང་བ་དང་། མདོའི་ཚིག་གཉིས་ཀྱིས་ཡིད་ལ་བྱེད་པའི་ཡོན་ཏན་དང་། གཉིས་ཀྱིས་གྲོགས་ཀྱི་ཡོན་ཏན་དང་། ཚིག་དྲུག་གིས་གྲུབ་པར་བྱ་བའི་ཕྱིར་སྦྱོར་བའི་ལས། ༡༥ ཚད་མེད་པ་ཡོངས་སུ་དག་པ་དང་། མཐུ་ཐོབ་པ་དང་། རྟོགས་པའི་ཡོན་ཏན་དང་། ཚིག་གསུམ་གྱིས་གྲུབ་པའི་ལས། ༡༦ ལོག་སྒྲུབ་ཅན་མི་གཏོང་བའི་སྙིང་རྗེས་ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་དང་། ཐེ་ཚོམ་མེད་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་། ཁ་ཙམ་མིན་པའི་བདེན་པ་གཅེས་སྤྲས་སུ་བྱེད་པ་གཅིག་ནི་ཆོས་དང་ཟང་ཟིང་གིས་སྡུད་པ་དང་། བྱང་ཆུབ་སེམས་ཀྱིས་ཟིན་པས་སེམས་ཀུན་ཉོན་མོངས་ཅན་མིན་པ་དང་། ཚིག་བཞིས་ངེས་འཇོག་པའི་ལས་བཅས་སོ། །
Domain ཆོས་ལུགས།