84241
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། བདེ་བ་མྱོང་འགྱུར་སོགས་པའི་ལས་རྣམས་ངེས་མ་ངེས་ཀྱི་ཁྱད་པར་རྣམས་ཏེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཏེ་རྣམ་པ་གསུམ་ནི་ངེས་པ་དང་། །དེའི་སྟེང་དུ་མྱོང་བར་མ་ངེས་པ་བསྣན་པས་བཞིར་འགྱུར་རོ། །ཁ་ཅིག་མ་ངེས་པ་དེ་ལ་རྣམ་པར་སྨིན་པར་ངེས་པ་དང་། མ་ངེས་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔ་ཞེས་ཟེར་རོ། །གཞན་དཔེས་སྟོན་པ་དག་ན་རེ་གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པ། རྣམ་པར་སྨིན་པར་ངེས་ལ་གནས་སྐབས་དག་ཏུ་མ་ངེས་པ་དང་། གཉིས་ཀ་ངེས་པ་དང་། གཉིས་ཀ་མ་ངེས་པ་སྟེ་མུ་ནི་བཞི་ཡིན་ཞེས་ཟེར་རོ། ། སྔགས། ཞི་བའི་ལས། རྒྱས་པའི་ལས། དབང་གི་ལས། དྲག་པོའི་ལས་སོ། ། |
| Domain | ཆོས་ལུགས། |