84244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་བཞི་རྒྱུན་ལྔ་སྒྲིབ་སྦྱང་འཕྱོང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་སྟེ། དེ་ཡང་སྤྱི་སྤུངས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་སྦྱིན་བསྲེག་ལས་བཞི་རྒྱུན་ལྔའི་སྐོར་རོ། ། དེ་ལ་ཡང་། ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། ལས་བཞི་རྒྱུན་ལྔ་སྒྲིབ་སྦྱང་འཕྱོང་། །དགེ་བསྙེན་ཐེག་པའི་དོན་དང་སྦྱར། །ཞེས་གསུངས་པའི་དོན་ཇི་ཡིན་སྙམ་ན། དགེ་བསྙེན་ཐེག་པའི་བོན་སྐོར་ནི་གཏན་སྤྱོད་ལྔ་ཡི་སྒོ་ནས་གཙོ་བོར་སྒྲིབ་སྦྱོང་ཚོགས་བསགས་མཆོད་སྦྱིན་གྱི་བོན་སྤྱོད་ཡིན་ལ། བོན་སྒོ་འདི་ཉིད་ཀྱང་དེ་དང་ཐེག་པའི་ཁོག་གཞི་མ་མཐུན་ན་ཡང་གཙོ་བོར་སྒྲིབ་སྦྱོང་ཚོགས་བསགས་མཆོད་སྦྱིན་གྱི་བོན་སྐོར་ཡིན་པ་ཡང་མཐུན་པས་དེ་ལྟར་གསུངས་པར་མངོན། དེ་ཡང་དགེ་བསྙེན་ཐེག་སྒོ་ལ་འཇུག་པ་རྣམས་ཀྱང་མཆོད་སྦྱིན་སྲེག་ཆོག་གི་བོན་འདི་དག་ལ་སྤྱོད་ནས་རིམ་བཞིན། འདིའི་གཞི་འགྲམ་གྱི་ཐེག་པ་གོང་མ་ལ་འཇུག་པའི་ཐབས་སུ་དགོངས་ཏེ་གསུངས་པ་ཡང་ཡིན་ཏེ། བསེན་ཐུབ་ལས། ཡང་ན་ཚོགས་ཀྱི་ཡན་ལག་གིིས། འདོད་སྤྱོད་ཚངས་པའི་ལོངས་སྤྱོད་དབུལ། །སྦྱིན་མཆོག་འདི་ཡིས་ཞེན་བཏབ་ནས། །སྐུ་གསུམ་མེ་ལྷའི་ངང་དུ་ཆིབ། །དགེ་བསྙེན་ཡན་ལག་རྫོགས་པར་འདི་སྤྱོད་ཅིག ། ཅེས་པས་ཤེས་སོ། །
Domain ཆོས་ལུགས།