84260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་བསྡུས་པ་གཅིག་ཚན་ནས་བཅུ་གཉིས་ཚན་པའི་བར་ཚན་པ་བཅུ་གཉིས་ (1)
Part of speech མིང་ཚིག
Definition ལས་གདགས་པ་ལས་བྱུང་བ་སྟེ། གཅིག་ཚན། རྒྱུ་གཅིག་གིས་ལས་རྣམས་བསྡུས་ཏེ། ལས་ཞེས་བྱ་བའི་ཕྱིར་རོ། །ཉིས་ཚན། ༡ སེམས་པའི་ལས། ༢ ཆེད་དུ་བསམ་པའི་ལས་སོ། །གསུམ་ཚན། ༡ ལུས་ཀྱི་ལས། ༢ ངག་གི་ལས། ༣ ཡིད་ཀྱི་ལས་སོ། །བཞི་ཚན། ༡ འདོད་པ་དང་ལྡན་པ། ༢ གཟུགས་དང་ལྡན་པ། ༣ གཟུགས་མེད་པ་དང་ལྡན་པ། ༤ མི་ལྡན་པའི་ལས་སོ། །ལྔ་ཚན། ༡ མཐོང་བས་སྤང་བར་བྱ་བ་ལུང་དུ་བསྟན་པ། ༢ ལུང་དུ་མ་བསྟན་པ། ༣ སྒོམ་པས་སྤང་བར་བྱ་བ་ལུང་དུ་བསྟན་པ། ༤ ལུང་དུ་མ་བསྟན་པ། ༥ སྤང་བར་བྱ་བ་མ་ཡིན་པའི་ལས་སོ། །དྲུག་ཚན། ༡ སྡུག་བསྔལ་མཐོང་བས་སྤང་བར་བྱ་བ། ༢ ཀུན་འབྱུང་བ། ༣ འགོག་པ། ༤ ལམ་མཐོང་བས་སྤང་བར་བྱ་བ། ༥ སྒོམ་པས་སྤང་བར་བྱ་བ། ༦ སྤང་བར་བྱ་བ་མ་ཡིན་པའི་ལས་སོ། །བདུན་ཚན། ༡ འདོད་པ་དང་ལྡན་པ་མཐོང་བས་སྤང་བར་བྱ་བ། ༢ སྒོམ་པས་སྤང་བར་བྱ་བ། ༣ གཟུགས་དང་ལྡན་པ་མཐོང་བས་སྤང་བར་བྱ་བ། ༤ སྒོམ་པས་སྤང་བར་བྱ་བ། ༥ གཟུགས་མེད་པ་དང་ལྡན་པ་མཐོང་བས་སྤང་བར་བྱ་བ། ༦ སྒོམ་པས་སྤང་བར་བྱ་བ། ༧ སྤང་བར་བྱ་བ་མ་ཡིན་པའི་ལས་སོ། །བརྒྱད་ཚན། ༡ འདོད་པ་དང་ལྡན་པའི་དགེ་བ། ༢ མི་དགེ་བ། ༣ ལུང་དུ་མ་བསྟན་པ། ༤ གཟུགས་དང་ལྡན་པའི་དགེ་བ། ༥ ལུང་དུ་མ་བསྟན་པ། ༦ གཟུགས་མེད་པ་དང་ལྡན་པའི་དགེ་བ། ༧ ལུང་དུ་མ་བསྟན་པ། ༨ ལྡན་པ་མ་ཡིན་པའི་ལས་སོ། །དགུ་ཚན། ༡ ལུས་ཀྱི་ལས་དགེ་བ། ༢ མི་དགེ་བ། ༣ ལུང་དུ་མ་བསྟན་པ། ༤ ངག་གི་ལས་དགེ་བ། ༥ མི་དགེ་བ། ༦ ལུང་དུ་མ་བསྟན་པ། ༧ ཡིད་ཀྱི་ལས་དགེ་བ། ༨ མི་དགེ་བ། ༩ ལུང་དུ་མ་བསྟན་པའོ། །བཅུ་ཚན། ༡ ལུས་ཀྱི་ལས་དགེ་བ་ཟག་པ་དང་བཅས་པ། ༢ མི་དགེ་བ། ༣ ལུང་དུ་མ་བསྟན་པ། ༤ ངག་གི་ལས་དགེ་བ་ཟག་པ་དང་བཅས་པ། ༥ མི་དགེ་བ། ༦ ལུང་དུ་མ་བསྟན་པ། ༧ ཡིད་ཀྱི་ལས་དགེ་བ་ཟག་པ། ༨ མི་དགེ་བ། ༩ ལུང་དུ་མ་བསྟན་པ། ༡༠ ཟག་པ་མེད་པའི་ལས་སོ། །བཅུ་གཅིག་ཚན། ༡ འདོད་པ་དང་ལྡན་པའི་དགེ་བ། ༢ མི་དགེ་བ། ༣ བསྒྲིབས་ལ་ལུང་དུ་མ་བསྟན་པ། ༤ མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། ༥ གཟུགས་དང་ལྡན་པའི་དགེ་བ། ༦ བསྒྲིབས་ལ་ལུང་དུ་མ་བསྟན་པ། ༧ མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། ༨ གཟུགས་མེད་པ་དང་ལྡན་པའི་དགེ་བ། ༩ བསྒྲིབས་ལ་ལུང་དུ་མ་བསྟན་པ། ༡༠ མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། ༡༡ ལྡན་པ་མ་ཡིན་པའི་ལས་སོ། །བཅུ་གཉིས་ཚན། ༡ ལུས་ཀྱི་ལས་ཀྱི་དགེ་བ། ༢ མི་དགེ་བ། ༣ བསྒྲིབས་ལ་ལུང་དུ་མ་བསྟན་པ། ༤ མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། ༥ ངག་གི་ལས་དགེ་བ། ༦ མི་དགེ་བ། ༧ བསྒྲིབས་ལ་ལུང་དུ་མ་བསྟན་པ། ༨ མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། ༩ ཡིད་ཀྱི་ལས་དགེ་བ། ༡༠ མི་དགེ་བ། ༡༡ བསྒྲིབས་ལ་ལུང་དུ་མ་བསྟན་པ། ༡༢ མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །
Domain ཆོས་ལུགས།