84265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་བྱང་རིན་ཆེན་ཕྲེང་བ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ལས་བྱང་རིན་ཆེན་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་རིན་ཆེན་ཕྲེང་བ་ཅེས་བྱ་བ་སློབ་དཔོན་པདྨའི་བཀའ་བཞིན་བདག་འདྲ་ནམ་མཁའི་སྙིང་པོས་དམྱལ་སྨད་དགེ་རིའི་བྲག་ཕུག་ཏུ་ཡི་གེར་བཀོད་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་གསང་བའི་ཕུག་ནས་སྤྱི་ལོ་ ༡༤༣༥ དུས་རབས་ ༡༥ རབ་བྱུང་ ༧ རྟའི་ལོར་གཏེར་ནས་བཞེས། འདིའི་ནང་དོན་བརྗོད་བྱ་ནི། བཀའ་བསྒོ་བ་དང་། མཚམས་བཅད་པ་ལ་སོགས་པ་སྔོན་འགྲོའི་ཐུན་མོང་གི་ཆོས་བརྒྱད་དང་། ཏིང་འཛིན་རྣམ་གསུམ་སྒོམ་པ་སོགས་དངོས་གཞིའི་གཞུང་འཁྲིད་ཉི་ཤུ། བསྐང་གསོ་དང། ཚོགས་ལྷག ཐུགས་དམ་སྐུལ་བ་སོགས་རྗེས་ཀྱི་ལས་འཁྲིད་བཅུ་བཞིའི་སྒོ་ནས་བླ་མའི་ཐུགས་ཀྱི་སྒྲུབ་པའི་ལས་ཆོག་བསྟན་ནོ། །

{{#arraymap:ལས་བྱང་རིན་ཆེན་ཕྲེང་བ་

|; |@@@ | | }}