84294

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཚོགས་གཏེར་གྱི་བུམ་པ་ (1)
Part of speech མིང་ཚིག
Definition དབང་ཆེན་གསང་བ་འདུས་པ་ལས། ལས་ཚོགས་གཏེར་གྱི་བུམ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཆེན་གསང་བ་འདུས་པ་ལས༔ ལས་ཚོགས་གཏེར་གྱི་བུམ་པ་བསྟན༔ སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། རིམ་ནད་ལ་སོགས་པའི་ནད་རིགས་དང་དུག་རིགས་ཞི་བར་བྱེད་པའི་ཐབས་བསྟན་ནོ། །