84296
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། །ལས་ཚོགས་གུད་དུ་སྦས་པ་བཅོ་ལྔ་པ། །ཞེས་བྱ་བ་སྟེ། གཏེར་གཞུང་དུ། པདྨའི་ཐུགས་བཅུད་དེ་ཁོ་ན༔ ཐེམས་དུ་མ་བསྟན་གུད་དུ་སྦས༔ དགེ་རིའི་བྲག་ལ་ཨ་རྒྱ་ཐམས༔ ལྔ་བཅུ་ཁ་རལ་དུས་ཀྱི་ཚེ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ས་རྟའི་ལོ་ལ་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། གསང་སྤྱོད་ཉམས་ལེན་བྱེད་པར་འདོད་པའི་རྣལ་འབྱོར་པས་རྫས་སྔགས་བརྟེན་ནས་གཞན་གྱིས་མི་མཐོང་བའི་སྒྲིབ་ཤིང་སྒྲུབ་ཚུལ་དང་། གོས་མེད་རས་རྐྱང་འདོད་པས་རྣལ་འབྱོར་པས་རྫས་སྔགས་ཀྱི་སྒོ་ནས་ཁ་བ་སོགས་གྲང་རེག་གིས་མི་གནོད་པར་བྱེད་པའི་ཚུལ། རྫས་སྔགས་ལ་བརྟེན་ནས་ཕྱག་རྒྱ་མ་དབང་དུ་འདུ་ཚུལ། ལྟ་བའི་གདེང་དང་ལྡན་པའི་རྣལ་འབྱོར་པས་ཁྱིམ་ནང་ནས་གདོན་ཆེན་ཇི་ལྟར་འདོན་ཚུལ། རྣལ་འབྱོར་པ་བྱང་སེམས་ལྡན་པས་རྫས་སྔགས་ལ་བརྟེན་ནས་སེམས་ཅན་གྱི་རིམས་ནད་སེལ་ཚུལ། ཕན་སེམས་ལྡན་པའི་རྣལ་འབྱོར་པས་རྫས་སྔགས་ལ་བརྟེན་ནས་དམར་ནད་རྒྱུ་གཟེར་གྱི་ནད་ཇི་ལྟར་སྲུང་ཚུལ། རྫས་སྔགས་ལ་བརྟེན་ནས་ཞོ་ཆང་དང་ཕྱུགས་ནད་ཇི་ལྟར་སྲུང་ཚུལ། གཏོར་མ་དང་བུམ་ཆུ་འཁོལ་དུ་འཇུག་ཚུལ། འགྲོ་དོན་གདུལ་བྱ་སྐྱོང་ཚུལ་སོགས་ལེ་ཚན་མི་འདྲ་བ་བཅོ་ལྔ་བསྟན་ནོ། ། |