84306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་འཆགས་པ་སོགས་ཀྱི་བསྡུས་དོན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལས་འཆགས་པ་སོགས་ཀྱི་བསྡུས་དོན་ལ་གཞི་ཡན་ལག་སོགས་ཡོད་པ་སྟེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ལ་གཉིས་ཡོད་དེ། ལས་འཆགས་པ་སོགས་ཀྱི་བསྡུས་དོན་དང་། ལས་རང་གི་ངོ་བོའི་བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ལ་ཡང་ལྔ་ཡོད་དེ། གཞིའི་ཡན་ལག བསམ་པའི་ཡན་ལག ལས་ཀྱི་ཆོ་གའི་ངོ་བོ། ལས་ཉམས་སུ་མྱོང་བའི་ཚད། ལས་ཆགས་པའི་དུས་རྣམས་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།