84307
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ལས་འཆགས་པའི་དུས་ནི། ལས་རང་རང་གི་བརྗོད་པ་གསུམ་གཉིས་ཕལ་ཆེར་རྫོགས་པར་བྱས་པའི་ཚེ་འཆགས་པ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་ལས་འཆགས་པའི་དུས་ཡོད་དེ། ལས་རང་རང་གི་གསུམ་གཉིས་རྫོགས་པར་བྱས་པའི་ཚེ་འཆགས་པ་ཡིན་པའི་ཕྱིར་ཏེ། ཚིག་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་པའི་མདོ་ལས་སོ། །དེ་ཡང་འོག་མ་མེད་པ་ལའོ་ཞེས་པའི་དགོངས་པས་ཚིག་འོག་མ་མེད་པའི་ལས་ཆོག་གི་ཚིག་ཕལ་ཆེར་རྫོགས་པ་ན་ལས་འཆགས་ཞེས་པ་ཡིན་ལ། སོ་སོར་བཤད་ན། གསོལ་བ་འབའ་ཞིག་པའི་ལས་ལ། ཚིག་འོག་མ་མེད་པས་དེའི་ཕལ་ཆེར་དང་། གསོལ་གཉིས་ཀྱི་ལས་ལ་བརྗོད་པ་གཅིག་པོའི་འོག་ན་ཚིག་མེད་པས་བརྗོད་པའི་ཕལ་ཆེར་དང་། གསོལ་བཞིའི་ལས་ལ་བརྗོད་པ་གསུམ་པའི་འོག་ན་ཚིག་མེད་པས། གསུམ་པ་དེ་ཉིད་གསུམ་གཉིས་རྫོགས་པ་ན་ལས་འཆགས་པ་ལ་དགོངས་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |