84309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་འདག་ཚུལ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལས་འདག་ཚུལ་བཞི་ནི། ལས་ཀྱི་སྒྲིབ་པ་འདག་པའི་ཚུལ་བཞི་སྟེ། རྟོགས་པས་འདག་པ་དང་། བཤགས་པས་འདག་པ་དང་། གཉེན་པོས་འདག་པ་དང། མྱོང་བས་འདག་པ་བཅས་བཞིའོ། །དེ་ཡང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སྤྱིར་གྱིས་ལས་འདག་ཚུལ་བཞིན་ཡིན་ཏེ། རྟོགས་པས་འདག་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་རྨི་ལམ་མམ། སྒྱུ་མ་ལྟ་བུར་རྟོགས་ན་ལས་ཀྱི་འབྲས་བུ་མྱོང་ཡང་གནོད་མི་ནུས་སོ། །བཤགས་པས་འདག་པ་ནི་སྟོབས་བཞི་ཡོངས་སུ་རྫོགས་པའི་བཤགས་པས་མཚམས་མེད་པའི་ལས་བྱས་པ་ཡང་འབྱང་བར་འགྱུར་རོ། །གཉེན་པོས་འདག་པ་ནི་མི་དགེ་བ་ཆུང་ངུའི་གཉེན་པོར་དགེ་བ་ཆེན་པོ་སྤྱད་པས་མི་དགེ་བའི་འབྲས་བུ་བག་ལ་ཞ་ནས་གནོད་པར་མི་ནུས་པས་སོ། །གལ་ཏེ་དེ་གསུམ་ཀ་དང་མི་ལྡན་ན་མྱོང་འགྱུར་གྱི་ལས་ཡིན་པས་དེ་ནི་མྱོང་བས་འདག་སྟེ། དེའི་ཕྱིར་རུདྲ་ཐར་པ་ནག་པོས་ནི་གསང་སྔགས་སྒྲ་ཇི་བཞིན་པར་སྤྱད་པས་ཡང་དག་པའི་ལམ་ལས་གོལ་བའི་ཕྱིར། ལས་ཀྱི་འབྲས་བུ་མྱོང་བའི་སྟོབས་ཀྱིས་ཟད་པ་ཡིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།