84314

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་འབྲས་ཀྱི་འབྲེལ་བ་འཐད་པ་ (1)
Part of speech མིང་ཚིག
Definition བདེན་པ་གཉིས་ཀར་རང་བཞིན་མེད་པའི་ཕྱིར། རྟག་པ་དང་ཆད་པའི་ཉེས་པ་རིང་དུ་སྤངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་གཞི་ལ་སོགས་པའི་ལས་ཀྱི་རྟེན་མེད་ནའང་ལས་དང་འབྲས་བུའི་འབྲེལ་བ་འཐད་པ་ཡིན། འདིར་ནི་གང་གི་ཕྱིར་ལས་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར། རང་བཞིན་གྱི་མི་འགག་ལ། མ་འགགས་པས་ལས་ལས་འབྲས་བུ་འབྱུང་བ་མི་འགལ་བས། དེའི་ཕྱིར་ཀུན་གཞི་ལ་སོགས་པའི་ལས་འབྲས་ཀྱི་རྟེན་མེད་ཀྱང། འདས་པའི་ལས་ཀྱི་འབྲས་བུ་འདི་ནུས་པའི་ཕྱིར། ཡུལ་དང་དུས་ལ་ལར་ལས་འགགས་ནས་ཡུན་རིང་པོ་ལོན་པའི་ལས་ལས་ཀྱང་རྣམ་པར་སྨིན་པའི་འབྲས་བུ་འགལ་བ་མེད་པར་རིག་པར་གྱིས་ཤིག། ཅེས་རྗེ་བཙུན་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ལས་འབྲས་ཀྱི་འབྲེལ་བ་འཐད་པ་

|; |@@@ | | }}