84333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ལས་རྒྱ་ནི། རང་གཙོ་བོའི་ང་རྒྱལ་དང་ལྷ་གཞན་ཐམས་ཅད་དམིགས་ཡུལ་དུ་བཞག་ལ། ལས་པ་རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་ཁ་སྤྲད་པ་དཀུ་གཡོན་དུ་བཞག ངག་ཏུ་ཨོཾ་ན་མོ་སོགས་རྩ་རིག་ཟློས། ཏདྱཐཱའི་ཚེ་ཁུ་ཚུར་བཀྲོལ་ལ་ནུ་མ་གཡས་དང་གཡོན་དང་སྙིང་ག་གསུམ་དུ་གར་སྐོར་བྱས་ནས་སྭཱ་ཧཱའི་བར་བརྗོད་པ་སྔོན་དུ་འགྲོ་བས་ལྷ་རང་རང་གི་ཕྱག་ཆེན་རྣམས་དང་འཇིག་རྟེན་པ་རྣམས་ལ་དམ་རྒྱ་བཅུ་པོ་བཅའ་ཞིང་རང་རང་གི་སྔགས་ལན་རེ་གླུར་བླང་། སེམས་ཀྱིས་ལྷ་དེ་དང་དེའི་ཐུགས་ཀར་ཨ་ལས་སྣ་ཚོགས་རྡོ་རྗེ་རེ་བསྐྱེད་ལ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བསྒོམ་པར་བྱ་སྟེ། གླུ་དང་གར་དང་ཟས་དང་ནོར། །སྤྱོད་ཡུལ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་གྱུར་ན། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་གསུངས་པས་སོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།