84340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རྒྱུ་འབྲས་ཀྱི་ལས་ཀྱི་སོ་མཚམས་དབྱེ་བ་བདུན་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། དོན་གྱི་དགེ་བ་གནས་ལུགས་འདུས་མ་བྱས༔ དོན་གྱི་མི་དགེ་བ་འདུས་བྱས་འཁོར་བའི་ཆོས་སོ༔ རང་བཞིན་གྱིས་དགེ་བ་རིག་པ་ཡེ་ཤེས༔ རང་བཞིན་གྱིས་མི་དགེ་བ་ཉོན་མོངས་དུག་ལྔའོ། །གཤིས་དགེ་བ་ཆོས་ཉིད་སྟོང་པ་ཉིད། ༔ གཤིས་མི་དགེ་བ་མ་རིག་པའོ༔ ཡང་དག་པའི་དགེ་བ་བློ་ལས་འདས་པ༔ ཡང་དག་པའི་མི་དགེ་བ་ཡིད་ས་བསླད་པའོ༔ ཡིད་མི་བྱེད་པ་ནི་མྱང་འདས་ཏེ་དགེ་བ༔ ཡིད་ལ་བྱེད་པ་ནི་འཁོར་བ་སྟེ་མི་དགེ་བའོ༔ དུག་གསུམ་ཆ་ཕྲ་མོས་སྦགས་པའི་དགེ་བས་མཐོ་རིས་གསུམ༔ དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པས་ངན་སོང་གསུམ་བསྐྱེད་དོ༔ ཐབས་ཤེས་ཀྱི་དགེ་བས་མི་གནས་པའི་མྱང་འདས༔ ཐབས་ཤེས་ཀྱི་ཅི་རིགས་པའི་དགེ་བས་ཕྱོགས་གཅིག་པའི་མྱང་འདས་སོ༔།
Domain ཆོས་ལུགས།