84341

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རྒྱུད་གཅོད་པའི་གདུལ་བྱ་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གསང་སྔགས་ཀྱི་བྱུང་ཚུལ་བཅུ་གཉིས་ལས་བཅུ་པ་ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་ཞེས་པའི་སྐབས་ཀྱི་གདུལ་བྱ་སྟེ། འདོད་པ་ལ་ཞེན་པའི་གདུལ་བྱ་དང། ངེས་པར་འབྱུང་བའི་གདུལ་བྱ་དང། གདུལ་དཀའ་དྲག་པོའི་གདུལ་བྱ་བཅས་གསུམ་མོ། །འདི་ལ་གདུལ་བྱ་གསུམ་ཞེས་ཀྱང་བརྗོད། མདོ་འགྲེལ་མུན་པའི་གོ་ཆ་ལས། ལས་རྒྱུད་གཅད་པའི་གདུལ་བྱ་ལའང་གསུམ་སྟེ། འདོད་པ་ལྔས་གདུང་ཤིང་འཇོལ་ཉོག་ཏུ་སྤྱོད་པ་འདོད་པ་ལ་ཞེན་པའི་གདུལ་བྱ་དང༌། དབང་པོ་རབ་འབྲིང་གི་བྱེ་བྲག་གིས་འཁོར་བ་ལས་འདས་པར་ངེས་པར་འབྱུང་བའི་གདུལ་བྱ་དང༌། གོང་མ་གཉིས་ཀྱིས་མ་འདུལ་བ་ལ་རྣམ་སྨིན་དྲག་པོས་གདུལ་དཀའ་དྲག་པོའི་གདུལ་བྱ་དང་གསུམ་མོ། །ཞེས་གསུངས་སོ། །
Domain ཆོས་ལུགས།