From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལས་རྣམ་པ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་ལངྐར་གཤེགས་པའི་འགྲེལ་པ་ལས་བྱུང་བ་སྟེ། ལེན་པ། འདོར་བ། བརྐྱང་བ། བསྐུམ་པ། འགྲོ་བའོ། །
|
| Domain
|
ཆོས་ལུགས།
|
ལས་རྣམ་པ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། བྱས་པའི་ལས། བྱེད་དུ་བཅུག་པའི་ལས། མངོན་པར་རྗེས་སུ་ཡི་རང་བའི་ལས། ཡང་དག་པར་རྗེས་སུ་གནང་བའི་ལས། རྗེས་སུ་གནང་བའི་ལས་སོ། །
|
ལས་རྣམ་པ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་ལེའུ་སོ་གཅིག་པ་ལས་བྱུང་བ་སྟེ། སྐྱུག་སྨན། བཀྲུ་སྨན། སྨན་སྣར་བླུགས་པ། བཀྲུ་སྨན་དྲག་པོ་མས་བཏང་བ། འཇམ་རྩི་མས་བཏང་བ་རྣམས་སོ། །
|