84348

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རྣམ་པར་འབྱེད་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པའི་ལས་རྣམ་པར་འབྱེད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཁི་པར་བཞུགས།
ལས་རྣམ་པར་འབྱེད་པ་ (2)
Part of speech མིང་ཚིག
Definition ཆོས་ཚན་འདིའི་འགྱུར་བྱང་གཞུང་དངོས་ལ་མི་སྣང་ཞིང་། སྡེ་བཀའི་དཀར་ཆག་ཏུ་“པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར་”ཞེས་འཁོད། བཀའ་འགྱུར་མདོ་སྡེ་ས་པར་བཞུགས།
ལས་རྣམ་པར་འབྱེད་པ་ (3)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་བརྨ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། འདི་ལ་ལས་རྣམ་འབྱེད་ཆུང་ངུར་གྲགས་ཤིང་། སྣར་ཐང་དང་། ཁུ་དང་། ཞོལ་གསུམ་ལས་དཔེ་ཁག་གཞན་དུ་མི་བཞུགས་ལ། སྣར་དཀར་ཆག་ཏུ་ཚལ་པ་དཀར་ཆག་ཏུ་མེད་ཅིང་། དཔེ་རྒྱུན་གཞན་ནས་མ་རྙེད་པར་དཀར་ཆག་སྔོན་མ་རྣམས་སུ་བཤད་ཀྱང་འདིར་ཟིན་བྲིས་སུ་ཆུང་བ་བམ་པོ་གཅིག་བྱུང་བ་བརྟག་ཅེས་འཁོད། བཀའ་འགྱུར་མདོ་སྡེ་ས་པར་བཞུགས།