84367

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རླུང་མཛོད་ལྡན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ལས་རླུང་སུམ་ཅུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། མི་ལྟ་བུའི་མངལ་སྐྱེས་དག་མའི་མངལ་དུ་ཞུགས་པའི་བདུན་ཕྲག་གཉིས་པ་ནུར་ནུར་པོའི་སྐབས་སུ། སྔར་བདུན་དང་པོར་ས་བོན་གཉིས་ཀྱི་དྭངས་མ་གཅིག་ཏུ་འདུས་ཤིང་ཕྱི་སྤྲིས་མ་ལྟ་བུས་གཡོགས་ལ་ནང་སླན་ཏེ་འདུག་པ་ཅུང་ཟད་སྲ་བར་བྱེད་པ་ཉིད། སླར་ལས་རླུང་མཛོད་ལྡན་འདི་ཉིད་ཀྱིས་སྔར་ལས་ཀྱང་ཅུང་སྲ་བར་བྱེད་ཅིང་། ཕྱི་ནང་བཅས་པ་སྤྲིས་མ་ལྟ་བུར་གྱུར་ཏེ་ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་པ། འདྲིལ་བར་གནས་པའི་དུས་དེར་དབྱིབས་ཟླུམ་པོར་འདྲིལ་བའི་བྱེད་ལས་ཅན་ནོ། །རླུང་འདིའི་མིང་གཞན་ལས་རླུང་མཛོད་མར་ཡང་ཟེར་རོ། །
Domain ཆོས་ལུགས།