84374

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རླུང་ཡང་དག་པར་སྡུད་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ལས་རླུང་སུམ་ཅུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། མི་ལྟ་བུའི་མངལ་སྐྱེས་དག་མའི་མངལ་དུ་ཞུགས་པའི་བདུན་ཕྲག་བཞི་པ་མཁྲང་འགྱུར་གྱི་སྐབས་སུ། ལས་རླུང་ཡང་དག་པར་སྡུད་པ་འདི་ཉིད་ཀྱིས་མངལ་གནས་སྐྱེས་བུ་དེའི་རྐང་རྩ་གཉིས་དང་ལག་རྩ་གཉིས་སྐེ་རྩ་གཅིག་བཅས་ཡན་ལག་གི་རྩ་བ་ལྔ་པོ་འབྱུང་བ་བཞི་དང་ནམ་མཁའི་ཁམས་དང་ལྔས་སྒོ་ནས་སྐྱེད་པའི་བྱེད་ལས་ཅན་ནོ། །སྐབས་དེར་ཡན་ལག་གི་རྩ་བ་ལྔ་པོ་འབྱུང་བའི་ཁམས་ཀྱིས་སྐྱེད་ཀྱང་འབུར་བའི་རྣམ་པར་མི་མངོན་པས་མཆིག་གུ་ལྟ་བུ་སྟེ་དེར་ནི་སྐ་བར་གྱུར་ཏེ་མནན་དུ་བཟོད་པས་ན་འཁྲང་འགྱུར་ཞེས་བྱའོ། །
Domain ཆོས་ལུགས།