84384

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རླུང་ལྡང་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ལས་རླུང་སུམ་ཅུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། མི་ལྟ་བུའི་མངལ་སྐྱེས་དག་མའི་མངལ་དུ་ཞུགས་པའི་བདུན་ཕྲག་སོ་བདུན་པའི་གནས་སྐབས་སུ། ལས་རླུང་ལྡང་བའམ་དྭངས་པ་ཞེས་བྱ་བ་འདི་ཉིད་ཀྱིས་མངལ་གནས་སྐྱེས་བུ་དེ་ཉིད་སྐྱེ་བའི་འདུ་ཤེས་ལྔ་བསྐྱེད་པས་ཕྱིར་འབྱུང་བ་ལ་དགའ་བར་བྱེད་པའི་བྱེད་ལས་ཅན་ནོ། །འདིའི་མིང་གཞན་ལས་རླུང་དྭངས་པའང་ཟེར་རོ། །
Domain ཆོས་ལུགས།