84386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་རླུང་སུམ་ཅུ་རྩ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མའི་མངལ་དུ་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་རིང་ལ་གོ་རིམ་བཞིན་བྱུང་བའི་ལས་རླུང་སྟེ། ལས་རླུང་ཀུན་ཏུ་སྡུད་པ་དང། ལས་རླུང་མཛོད་ལྡན་ནམ་མཛོད་མར་དང། ལས་རླུང་བཀྲེས་པ་དང་སྐོམ་པར་བྱེད་པའམ་རབ་ཏུ་འབྱེད་པ་དང། ལས་རླུང་ཡང་དག་པར་སྡུད་པ་དང། རླུང་ཟས་དང། ལས་རླུང་འཁྱིལ་བྱེད་དང། རླུང་ཟློག་སྒྱུར་དང། ལས་རླུང་རྣམ་པར་འབྱེད་པ་དང། རླུང་སྲ་བར་བྱེད་པ་དང། ལས་རླུང་རྡོ་རྗེ་དང། རླུང་ཡོན་པོ་སྒོ་དང། ལས་རླུང་ཞོར་ལ་འབྱུང་བའམ་སྤུ་རྒྱུས་པ་དང། རླུང་བཀྲེས་སྐོམ་བྱེད་པ་དང། ལས་རླུང་སྐུད་པའི་སྒོ་དང། ལས་རླུང་དམ་ཟིན་ནམ་པདྨ་དང། ལས་རླུང་བདུད་རྩི་དང། རླུང་འབྲི་ཏིང་དང། རླུང་བརྟན་འགྱུར་དང། རླུང་ལས་བྱེད་དང། རླུང་ཤིན་ཏུ་སྲ་བའམ་སྲ་བྱེད་དང། རླུང་ཡང་དག་པར་སྐྱེད་པ་དང། རླུང་ཀུན་ཏུ་རྒྱལ་བ་དང། རླུང་ཡོངས་དག་འཛིན་དང། རླུང་སྤྲིན་འཛིན་དང། རླུང་གྲོང་ཁྱེར་འཛིན་དང། ལས་རླུང་སྐྱེ་བ་མངོན་དུ་འགྲུབ་པར་བྱེད་པ་དང། རླུང་ཕན་ཡོན་ཆེན་པོ་དང། རླུང་རྟོག་པ་དང། རླུང་མེ་ཏོག་ཕྲེང་དང། རླུང་ལྕགས་སྒོ་དང། ལས་རླུང་ཡངས་པར་བྱེད་པ་ལྔ་དང། ལས་རླུང་གཡོ་བར་བྱེད་པ་དང་། རླུང་ལྡང་བའམ་དྭངས་པ་དང། ལས་རླུང་ཐོགས་པ་མེད་པ་བཅས་སུམ་ཅུ་སོ་བརྒྱད་དོ། །
Domain ཆོས་ལུགས།