84392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ལ་དགའ་བའི་ཉེས་དམིགས་ཉི་ཤུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་ལྷག་པའི་བསམ་པའི་སྐུལ་བའི་མདོ་ལས་བྱུང་བ་སྟེ། ༡ འདི་ལ་བྱང་ཆུབ་སེམས་དཔའ་ལས་ལ་དགའ་བ་འཇིག་རྟེན་པའི་ལས་རྣམས་ལ་བརྩོན་པར་འགྱུར་བ། ༢ ལས་ངན་པ་ཐམས་ཅད་ལ་གནས་པར་འགྱུར་བ། ༣ ལུང་ནོད་པ་དང་། ཁ་ཏོན་ལ་བརྩོན་པ་དག་གིས་བརྙས་པར་འགྱུར་བ། ༤ ནང་དུ་ཡང་དག་འཇོག་ལ་དགའ་བ་རྣམས་ཀྱིས་སྨད་བརྙས་པར་འགྱུར་བ། ༥ འཁོར་བ་ཐོག་མ་དང་ཐ་མ་མེད་པ་ཡོངས་སུ་འཛིན་པའི་ལས་བརྩམས་པར་འགྱུར་བ། ༦ བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱི་ཡོན་སྦྱོང་བར་འགྱུར་བ། ༧ དེའི་སེམས་དངོས་པོར་འཛིན་པ་ལ་འཇུག་པར་གྱུར་བ། ༨ ཆགས་པ་མང་བར་འགྱུར་བ། ༩ ཁྱིམ་སོ་རྣམས་ལ་རྒྱུན་དུ་སྦྱོང་བར་འགྱུར་བ། ༡༠ དབང་བྱེད་པར་མི་འགྱུར་བ། ༡༡ བཟློག་བྱེད་ཀྱི་ངང་ཚུལ་ཅན་ཡིད་སྨོན་མང་པོ་ལ་རྒྱུན་དུ་གནས་པ། ༡༢ ཁྱིམ་གྱི་བྱ་བ་དག་ལ་བརྩོན་པ། ༡༣ དེ་རོ་དག་ལ་ཤས་ཆེར་འདུན་ཅིང་ཆགས་པ་བསྐྱེད་པ། ༡༤ ལེན་པ་མེད་པར་མི་དགའ་བ། ༡༥ ཀུན་ནས་མནར་སེམས་མང་བའི་ལས་ཀྱི་སྒྲིབ་པ་རྒྱུན་དུ་མངོན་པར་འདུ་བྱེད་པ། ༡༦ དགེ་བསྙེན་དང་། དགེ་བསྙེན་མ་ལ་རྟོན་པར་འགྱུར་བ། ༡༧ དེའི་ཟས་ཀྱི་རྣམ་པར་རྟོག་པས་ཉིན་མཚན་འདའ་བར་བྱེད་པ། ༡༨ འཇིག་རྟེན་པའི་བྱ་བ་དག་གི་རྒྱུན་དུ་འདྲི་བར་བྱེད་པ་དང་། མི་རིགས་པའི་སྨྲ་བ་དག་ལ་མངོན་པར་དགའ་བར་འགྱུར་བ། ༡༩ ཞལ་ཏེ་བྱེད་པའི་རྒྱགས་པས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་ཕྱུག་གིས་ཚར་གཅོད་པར་བྱེད་པ་དང་། ཕ་རོལ་གྱི་འཁྲུལ་པ་ལ་རྟོག་ཅིང་བདག་གི་འཁྲུལ་པ་ལ་མི་རྟོག་པར་འགྱུར་བ། ༢༠ དོན་དང་ལྡན་ཞིང་རྣམ་པར་ངེས་པའི་གཏམ་དག་ལ་སྐྱོ་ནས་བརྙས་པར་འགྱུར་བ་བཅས་སོ། །
Domain ཆོས་ལུགས།