84408
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡིད་བཞིན་མཛོད་འགྲེལ་ལས་བྱུང་བ་སྟེ། ༡ དྲན་པ་དང༌། བློ་གྲོས་དང༌། བརྟན་པ་དང༌། ཤེས་རབ་དང་ལྡན་པར་འགྱུར་བ། ༢ འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ། ༣ བདུད་ཀྱིས་གླགས་མི་རྙེད་པ། ༤ སངས་རྒྱས་ཀྱིས་དགོངས་པ། ༥ མི་མ་ཡིན་པས་བསྲུང་བ་དང༌། ལྷས་གཟི་བརྗིད་བསྐྱེད་པ། ༦ དགྲས་གླགས་མི་རྙེད་པ། ༧ མཛའ་བཤེས་མི་ཕྱེད་པ། ༨ མི་འཇིགས་པ་ཐོབ་པ། ༩ ཡིད་བདེ་བ་མང་བ། ༡༠ མཁས་པས་བསྔགས་པ། ༡༡ ཚིག་བཙུན་པ། ༡༢ སྤོབས་པ་སྐྱེ་བ། ༡༣ ཚེགས་ཆུང་ངུས་སེམས་ཅན་མང་པོའི་དོན་བྱེད་པ། ༡༤ སྒོ་གསུམ་གྱི་མི་དགེ་བ་སྡོམ་པ། ༡༥ སེམས་ཅན་མང་པོ་གུས་པ། ༡༦ སེམས་དྲང་པོར་འགྱུར་བ། ༡༧ དགའ་བཞིན་དུ་འཆི་འཕོ་བ། ༡༨ ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། ༡༩ དཀའ་བའི་སྤྱོད་པ་རྫོགས་པར་འགྱུར་བ། ༢༠ ཕྱིར་མི་ལྡོག་པའི་ས་ནོན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མཐུན་པར་གནས་པར་འགྱུར་བ་བཅས་སོ། ། |
| Domain | ཆོས་ལུགས། |