84422
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ལས་ཀྱི་སྟོབས་ཀྱིས་བསྐྱེད་པའི་བསམ་གཏན་གཟུགས་མེད་གང་རུང་གི་དངོས་གཞིའི་སྙོམས་འཇུག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཁམས་གོང་མ་གཉིས་སུ་ལུང་མེད་ཀྱང་གཟུགས་མེད་ཀྱི་སྙོམས་འཇུག་རྒྱུ་དང་ལས་ཀྱི་སྟོབས་གཉིས་ཀྱིས་སྐྱེ་སྟེ། དེ་ཡང་གཟུགས་ཁམས་སུ་གཟུགས་མེད་ཀྱི་སྙོམས་འཇུག་རྒྱུའི་སྟོབས་ཀྱིས་སྐྱེ་བ་ནི། སྔར་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་གོམས་པར་བྱས་པ་ལས་ཉམས་པ་ཞིག་གཟུགས་ཁམས་སུ་སྐྱེས་ཏེ། དེར་སྔོན་གོམས་པའི་སྐལ་མཉམ་གྱི་རྒྱུའི་སྟོབས་དང་ལྡན་པས་གཟུགས་མེད་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལྟ་བུ་དང༌། ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ནི་སྔར་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་སྟེ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་ཤིང༌། བར་དུ་གཟུགས་མེད་ཀྱི་སྙོམས་འཇུག་ལས་ཉམས་ཏེ་གཟུགས་ཁམས་སུ་སྐྱེས་བ་ན་སྔར་བསགས་པའི་ལས་དེའི་སྟོབས་ཀྱིས་གཟུགས་མེད་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལྟ་བུའོ། །དེས་ན་འདི་གཉིས་ཀྱང་རྒྱུ་དང་ལས་གཙོ་ཆེ་ཆུང་ངམ་རྣམ་གྲངས་ཀྱི་སྒོ་ནས་ཁྱད་པར་ཕྱེ་བ་ཙམ་ལས་འགལ་བ་ནི་མ་ཡིན་ཏེ། ཕྱི་མ་འདི་ཉིད་རྒྱུ་དང་ལས་གཉིས་ཀའི་སྟོབས་ཀྱིས་སྐྱེ་བ་ཡིན་པའི་ཕྱིར། དེར་ཐལ། ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ནི་གང་ཞིག ། རྒྱུའི་སྟོབས་ཀྱིས་སྐྱེ་བ་ཡང་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། སྐལ་མཉམ་གྱི་རྒྱུའི་སྟོབས་ཀྱིས་སྐྱེ་བ་ཡིན་པའི་ཕྱིར། དེས་ན་ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ཡིན་ན། རྒྱུའི་སྟོབས་ཀྱིས་སྐྱེ་བ་ཡིན་པས་ཁྱབ་པ་མ་ཟད་རྒྱུའི་སྟོབས་ཀྱིས་སྐྱེ་བ་ཡིན་ན་ཡང་ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ཡིན་པས་ཁྱབ་པར་ཁས་བླངས་ཆོག་སྟེ་འོག་ཏུ་འཆད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |