From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལི་ (1)
| Part of speech
|
མིང་ཚིག
|
| Definition
|
ལི་ཡུལ་ནས་ཐོན་པར་གྲགས་པའི་འབྱུང་ཁུངས་ལ་བལྟོས་ནས་བཏགས་པའི་ལྕགས་རིགས་ཤིག་སྟེ། ངོ་བོ་ནི་ཟངས་དང༌། ཏི་ཚ། གཤའ་དཀར་བཅས་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཤིག་ཡིན་པ་དང༌། རྒྱུ་དངོས་སྲ་ལ་ཁྲོག་པ་གྲུབ་ཆའི་འདྲེས་རྫས་ཀྱི་དབང་གིས་འགྱུར་བ་ཡོད་པ་ཞིག
|
| Example
|
ལི་ཡི་སྦུབ་ཆ་གསར་རྙིང་བཞི་དགོན་པ་འདི་ལ་ཡོད་ཅེས་པ་ལྟ་བུ།
|
ལི་ (2)
| Part of speech
|
མིང་ཚིག
|
| Definition
|
སྤར་ཁ་བརྒྱད་ཀྱི་དང་པོ།
|
| Domain
|
རྩིས་རིག
|
ལི་ (3)
| Part of speech
|
མིང་ཚིག
|
| Definition
|
རིན་པོ་ཆེའི་སྨན་གྱི་རིགས་ཤིག ནུས་པས་མིག་ནད་སྐམ་ཚག་དང༌། འབྲས་ནད་ལ་ཕན། ཕྱུགས་ཀྱི་རྔོ་འཇོམས།
|
ལི་ (4)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་རུས་ཤིག
|
ལི་ (5)
| Part of speech
|
མིང་ཚིག
|
| Definition
|
ཤིང་ཏོག་རིགས་ཤིག་གི་མིང་།
|
| Foreign
|
རྒྱ་ནག
|
ལི་ (6)
| Part of speech
|
མིང་ཚིག
|
| Definition
|
ཞང་སྐད། རླུང་།
|