84490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལི་ག་དུར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྒྱ་སྨུག་གླ་སྒང་འདྲ་ཞིང་དེ་ལས་ཆེ་བར་ཨ་ར་འདྲ་བའི་རྩྭ་ཕྲན་ཐར་ཐོར་ཡོད་པ་དང༌། ལོ་མ་སྔོ་སྐྱ་སྒོར་བ་བོང་དཀར་གྱི་ལོ་མ་འདྲ་བ་སྤུ་དཀར་འཇམ་པོ་ཡོད་ཅིང་མཐར་ངེས་གཏན་མེད་པའི་ཉག་ག་ལྡན་ལ་ངར་པ་དམར་སྨུག་ཕྲ་ལ་རིང་བ། མེ་ཏོག་རྒྱ་ཁ་ཆུང་བར་འདབ་མ་ལྔ་དང་ལྡན་ཞིང་ངར་པ་རིང་བ་རྣམས་ཀྱི་དབུས་ནས་གསུམ་བཞི་ཙམ་འཆར་བ་དང༌། སྨིན་ཚེ་འབྲས་བུ་མིག་སྨན་མཆུ་རིང་འདྲ་བ་འདོགས་པ་སྟེ། བོད་ཀྱི་ས་ཁུལ་མང་ཆེ་བའི་རི་མ་ཐང་གི་ན་གསེབ་དང༌། བྲ་མ་ཤིང་གི་གསེབ་སོགས་སུ་སྐྱེ་བ་མང༌། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་སྐམ་པས་ཆམ་པ་རིམས་ཚད་དང༌། གློ་ཚད། མཆིན་ཚད། རྩ་ཚད། ཡན་ལག་སྐྲངས་པ་དང༌། འཁྲུ་བ་སོགས་ལ་ཕན་པ་ཡིན།
Domain གསོ་རིག