84498
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྐྱེ་དབྱིབས་སྒ་སྐྱ་དང་ཕྱོགས་མཚུངས་ཤིང་སྐམ་ཚེ་སྨུག་པོར་གྱུར་བ་ཚིགས་པ་འབུར་ཞིང་མངོན་གསལ་ཅན་ཨ་ར་འདྲ་བའི་རྩྭ་ཕྲན་གྱོང་ལ་མང་བ་ཡོད་པ་དང་། སྡོང་པོ་ཕྲ་ལ་འདྲོང་བར་ཡལ་ག་མེེད་པ་གསུམ་བཞི་ཙམ་མཉམ་དུ་སྐྱེ་ཞིང་། ལོ་མ་ལྗང་སེར་རྩུབ་པ་རལ་གྲིའི་དབྱིབས་ཀྱི་སྟོད་ཆས་སྡོང་པོ་བཏུམ་པ། མེ་ཏོག་སེར་ལ་མདངས་མེད་པ་སྡོང་པོའི་རྩེར་གདུགས་ཁ་དབྲག་ལྟར་བང་རིམ་དུ་འཆར་བ་དང་། འབྲས་བུ་དམར་སྨུག་འདོགས་པ་ཡིན། རི་ལྡེབས་ཀྱི་རྩྭ་གསེབ་དང་ཤིང་མ་ལྡུམ་གྱི་གསེབ་ཏུ་སྐྱེ་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་རྗེས་གཙང་མ་བཟོས་ནས་སྲབ་པོར་གཏུབ་ནས་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ཞིང་རྩུབ་ལ་ལྕི་བས་ཕོ་བ་དང་མཆེར་ནུས་ཉམས་པ་དང་། གྲང་བའི་ནད། ཁ་ཟས་མ་ཞུ་བ། ཕོ་བའི་ཟུག་གཟེར་སོགས་ལ་ཕན། |
| Domain | གསོ་རིག |