84561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལིང་ཚེ་བརྒལ་མིན་ལྟ་བའི་རྩིས་ (1)
Part of speech མིང་ཚིག
Definition རྩིས་ཆེན་བདུན་གྱི་ནང་གསེས་ཤིག་སྟེ། རྩིས་ཆེན་སྔ་མ་དྲུག་གི་སྤྱི་བསྡོམས་ལྟ་བུའི་རྩིས་ཤིག་ཡིན་ཞིང་། འདི་ནི་རྒྱ་པཎ་ཕུ་ལུའི་བཞེད་པ་ཡིན། དེ་ཡང་ལྔ་ཚན་དང་པོ་ཕའམ་སྐྱེས་པའི་ས་རུ་ཐང་ཤིང་ཆག་ཅིང་གསེར་ཟམ་འགྱེད། གཡུ་ཤུག་དང་དཔག་བསམ་སྐམ་ན་ལིང་ཚེ་དང་པོ་བརྒལ་ཞེས་ཟེར་ཞིང་། དེ་བརྒལ་ན་གནམ་སྒོ་འགགས་ཤིང་ཡས་ཀྱི་འཇུ་ཐག་ཆད་པས་ཕོ་ལ་ངན། བཅོས་སུ་བརྒྱད་སྟོང་དང་གདུགས་དཀར་གདོན་དགོས། ལྔ་ཚན་གཉིས་པ་མའམ་བུད་མེད་ཀྱི་ས་རུ་དཔལ་ཁྱིམ་ཞིག་ཅིང་བྱུར་ཁྱིམ་ཕུབ་ན་ལིང་ཚེ་བར་མ་བརྒལ་ཞེས་ཟེར་ཞིང་། དེ་བརྒལ་ན་མོ་ལ་ངན་པས་དུར་སྲི་གནོན་དགོས། ལྔ་ཚན་གསུམ་པ་བུའམ་བྱིས་པའི་སར་གཤིན་མིག་མང་ན་ལིང་ཚེ་ཐ་མ་བརྒལ་ཞེས་ཟེར་ཞིང་། དེ་བརྒལ་ན་བུ་ལ་ངན་པས་ཚེ་གཟུངས་ཚེ་ཆོག་དང་རྣམ་འཇོམས་གདོན་དགོས། དེ་མིན་སྲོག་སོགས་བཞི་བྱེ་བྲག་ཏུ་ཕྱེས་པའི་རིམ་གྲོ་ནི་སྲོག་གི་ཐང་ཤིང་དཔག་བསམ་འགྱེལ་ན་གཤེད་བཞི་ལོ་བས་དཀོན་བརྩེགས་དབུས་སུ་ཀློག་པ་དང་། ལུས་ཀྱི་ཤིང་གཡུང་དྲུང་ཆག་ན་རྟ་སྦྲུལ་ལོ་བས་ཕལ་ཆེན་ལྷོ་རུ་ཀློག་པ། དབང་ཐང་གི་ཐང་ཤིང་ཆག་ཅིང་གསེར་ཟམ་འགྱེལ་ན་སྟག་ཡོས་ལོ་བས་རྒྱལ་ཡུམ་ཤར་དུ་ཀློག་པ། ཀླུང་རྟའི་ཐང་ཤིང་ཆག་ཅིང་དཔལ་ཁྱིམ་ཞིག་ན་བྱ་སྤྲེལ་ལོ་བས་མདོ་མྱང་འདས་ནུབ་ཏུ་ཀློག་པ་བཅས་ཡིན།
Domain རྩིས་རིག