84612
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། དེའི་ཉིན་ནི་ཕོ་ཟླ་དྲུག་པོའི་ཚེས་དྲུག་དང་། བཅོ་བརྒྱད། སུམ་ཅུ། མོ་ཟླ་དྲུག་པོའི་ཚེས་བཅུ་གཉིས། ཉེར་བཞི་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ཏུ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། ལུག་ལ་ལྷ་གསོལ་ལུག་རྫི་འཛུགས། །མཁར་ལས་ཕྱུགས་འགྱེད་ཕྲུ་སློག་དང་། །བག་མ་ཟས་སྦྱོར་སྟོན་མོ་བཟང་། །སྡོམ་ལེན་གཏར་སྲེག་དབྱུག་དཔྱད་དང་། །སྨན་སྦྱོར་དམག་སྐྱས་དོན་གཉེར་ངན། །ཞེས་གསུངས་པ་ལྟར་དང་། བདུན་ཟུར་ཕྱོགས་སྡེབ་ཀྱི་འབྲས་དཔྱད་དུ་རྟ་རྒྱུག་དང་དམར་ཤས་ཀྱང་སྤང་དགོས་པར་གསུངས་འདུག |
| Domain | རྩིས་རིག |