84615

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུག་ངལ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྤྱིའི་སྐྱེ་དབྱིབས་སྐྲ་བཟང་དང་མཚུངས་པ་ལ། སྡོང་པོ་གྲུ་བཞི་ཕྲ་ལ་རིང་བ་སྡོང་པོའི་སྟོད་སྨད་གང་ས་ནས་ཡལ་ག་གྱེས་པ། ལོ་མ་ལྗང་ཞིང་སྣུམ་ལ་འཇམ་པ་ལོ་མའི་དབྱིབས་རྒྱ་མེན་མེ་ཏོག་གི་ལོ་མ་འདྲ་ཞིང་མཐར་ངེས་གཏན་མེད་པའི་ཉག་ག་རེ་ཆེ་རེ་ཆུང་ཡོད་པ། མེ་ཏོག་སེར་པོ་ལྕེ་དབྱིབས་མེ་ཏོག་སྟེ་བརྩེགས་ལྡན་མེ་ཏོག་བང་རིམ་སྡོང་པོ་དང་ཡལ་གའི་རྩེར་འཆར་ཞིང༌། མེ་ཏོག་ཡལ་རྗེས་འབྲས་བུ་ཤ་སྦྲང་གི་མིག་ལྟ་བུ་འདོགས་པ་དེ་ཡིན། སྐྱེ་གནས་དབང་གིས་རི་སྐྱེས་སྐྲ་བཟང་ཞེས་ལོ་རྐང་སོགས་ཕྲ་བ་དང༌། ཀླུང་སྐྱེས་ལུག་ངལ་ཞེས་སྡོང་རྐང་སོག་སྦོམ་པ་ཡོད། རང་ལྗོངས་ཀྱི་ས་གནས་ཕལ་ཆེ་བའི་རི་མ་ཐང་གི་གྲོག་ཤུར་དུ་སྐྱེ་བ་མང༌། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པ་ཙམ་ལ་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དོན་ལྔར་ཚ་བ་ཞུགས་པ་དང༌། ཁྲག་ཚད་རྒྱས་པ། ཁྲག་ཤོར་གྱི་རིགས། རྨ་འབྲས་སོགས་ལ་ཕན་པ་ཡིན།
Domain གསོ་རིག