84627
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཚིགས་གཉེར་ཅན་ར་མཉེའི་རྩ་བ་འདྲ་བ་དང༌། སྡོང་པོ་ཕྲ་བ་ར་མཉེའི་སྡོང་པོ་འདྲ་ལ་ཡལ་ག་མེད་པ། ལོ་མ་ལྗང་སེར་སྙིང་དབྱིབས་ཅན་འཇམ་ཞིང་སྣུམ་ལ་འོད་མདངས་ལྡན་པའི་མཐའ་མཉམ་ལ་རྩེ་རྣོ་བ། རྟིང་པས་སྡོང་པོ་བཏུམས་ནས་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་པོ་ཆུང་བ་གཉིས་རེ་ལོ་མའི་མཚམས་ནས་ཁ་སྤྲོད་དུ་འཆར་བ་དང༌། ཡལ་རྗེས་འབྲས་བུ་ནག་སྨུག་སྲན་མ་ཙམ་འདོགས་པ་སྟེ། བོད་ཀྱི་ས་ཁུལ་ཕལ་ཆེ་བའི་རི་ཐང་མཚམས་དང༌། ཤིང་མ་ལྡུམ་གྱི་འོག་སོགས་སུ་སྐྱེ་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཕྱི་པགས་དོར་ཏེ་རབ་ཁཎྜ་བཟོ་རྒྱུ་དང༌། དེ་མིན་གཙང་སར་མ་རུལ་བར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ཞིང་བསྐ་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་ཡང་ལ་སྐམ་ཞིང་མཉེན་པ་དང་ལྡན་པས་ཚེ་བསྲིང་བ་དང༌། རྒས་ཀ་སྲ་བར་བྱེད་ཅིང་བཅུད་ལེན་པ། སྨད་ཀྱི་གྲང་ནད་དང༌། རོ་ཙ། དྲོད་ཉམས་པ་སོགས་ལ་ཕན། དེ་མིན་རྣག་སྐེམ་པ་དང༌། ཡི་ག་འབྱེད་ཅིང་བད་མཁྲིས་སོགས་སེལ་བར་བྱེད་པ་ཡིན། |