From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལུག་མིག་ (1)
| Part of speech
|
མིང་ཚིག
|
| Definition
|
སེམས་ཅན་ལུག་གི་མིག་སྟེ།
|
| Example
|
ལུག་མགོ་ནས་ལུག་མིག་བཏོན་པ་ལྟ་བུ།
|
ལུག་མིག་ (2)
| Part of speech
|
མིང་ཚིག
|
| Definition
|
སྔོ་སྨན་གྱི་རིགས་ཤིག་རོ་ཁ་ལ་མངར། ཞུ་རྗེས་བསིལ། ནུས་པས་དུག་ཚད་དང་རིམས་ཚད་སེལ། མིང་གི་རྣམ་གྲངས་ལ་གོ་སླད་དང༌། རྒྱལ་བའི་སྤྱན་ཅན། སྒྲོལ་སྔོན་སྟོང་འཁོར། འདབ་སྔོན་སྟོང་ལྡན། ནཱི་ལ་ཨུཏྤལ། བློན་པོ་དངུལ་མདོག རལ་གྲིའི་འཁོར་ལོ། ལུག་སྐྱེས་མའི་མིག ཨ་ཕྱག་སྔོན་པོ། ཨུཏྤལ་རལ་གྲི་མ་བཅས་སོ། །
|