84630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུག་མུར་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་བོ་ཡོངས་སུ་བ་སྤུ་རྩུབ་པོ་སྐར་མ་ཅན་གྱི་གཡོགས་ཡོད། རྩ་བ་ཁམ་སེར་སྦོམ་ཞིང་ཆེ། རྩྭ་ཕྲན་ལོགས་སྨན་དུ་རྒྱུད་པར་གྲུ་གུ་ལྟར་སྦོས་པའི་རྡོག་རྩད་ཡོད་པ་ནི་མདོག་སྨུག་སྐྱའམ་ཡང་ན་ཁམ་སེར་ཡིན། གཞུང་རྟར་ལོ་མ་ཆ་མཉམ་དུ་སྐྱེས། ལོ་མར་ངར་བ་མེད། ལོ་འདབ་བྱ་སྒོང་ངམ་ཡང་ན་བྱ་སྒོང་ནར་མོ་ལྟ་བུ་ཡིན། རྟིང་པ་གཤོལ་ལྕགས་དང་འདྲ། རྟིང་པར་ལོ་མ་ཚོམ་བུར་སྐྱེས་པ། ལོ་མ་དེའི་རྩེ་རྟིང་ཟླུམ་པོའམ་ཡང་ན་སྒོང་དབྱིབས་ཟླུམ་པོ། ཞབས་སྙིང་དབྱིབས་ཅན། མཐར་ཁར་སོ་ཆེ་ཆུང་མི་གཅིག་པ་རགས་པོ་ཡོད། རྒྱུ་བ་ཤོད་གུ་རྩུབ་མོ་ཅན། རྩ་རིས་གསལ་བ། མདོག་སྨུག་ནག ངར་བ་ཅུང་རིང་བ་ཡིན། མེ་ཏོག་ཆུན་པོ་འཁོར་གདུགས་ཅན་སྡོང་བུའི་རྩེར་ཆགས། ཐར་ཐོར་དུ་སྐྱེ་པ། རིམ་པ་རེར་མེ་ཏོག་མང་ཙམ་ཡོད། འདབ་ཐུམ་ཆ་གཅིག་དང་མེ་ཏོག་སྨུག་སྐྱ་ཡིན། འདབ་ཐུང་ཁབ་ལྟ་བུ་གཉིས་ཡོད་པ་དེར་སྤུ་མཁྲེགས་པོ་ཚིགས་མ་ཅན་སྐྱེས་ཡོད། སྣེ་མོར་གྲ་མ་ལྟ་བུའི་ཚེར་མ་ཡོད། མདོག་ལྗང་གུའམ་ཡང་ན་ཁམ་ནག་ཡིན། མེ་ཏོག་ནི་མཆུ་ཉིས་བརྩེགས་ཅན་ཡིན་ཞིང་ཕྱི་ངོས་ལ་སྤུ་མཉེན་མོས་གཡོགས་པ། ནང་ངོས་སུ་བ་སྤུ་རིགས་མོ་ཙམ་མཐུག་པོར་སྐྱེས་ཡོད། མ་མཆུ་འདབ་མ་གསུམ་དུ་གྱེས་པ། འདབ་མ་དཀྱིལ་མ་དེ་སྒོང་དབྱིབས་གོ་ལྡོག་ཅན་ཡིན། ཟེ་འབྲུ་ཕོ་བཞི་པ་དེ་མེ་ཏོག་སྦུ་གུའི་དཀྱིལ་དུ་སྐྱེས་པ། སེ་འབྲུ་ཕོ་སྔོན་མ་དེ་ཅུང་རིང་། ཟེ་འབྲུའི་ངར་བར་བ་སྤུ་གཡོགས་པ། ཟེ་འབྲུའི་སྨན་བྱ་སྒོང་ལྟ་བུ་དང་ཟེ་འབྲུའི་ཀ་བ་ཕྲ་ཞིང་རིང་བ་དང་སྣེ་མོར་ཉག་ག་ཡོད། རོ་མངར་ལ་ཅུང་ཁ་བ། ཞུ་རྗེས་མངར་བ། ནུས་པ་འཇམ་མཉེན་ཞིང་བསིལ་བས་གྲེ་བའི་ནད་དང༌། གློ་ནད། འཁྲུགས་རིམས། འབྲས། བད་ཀན་གྲང་བའི་ནད་སོགས་སེལ་བ་ཡིན།