84641
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཆིག་སྐྱེས་རྟིང་པ་རིང་བ་དང༌། སྡོང་པོ་མེད་པ་ལོ་མའི་ངར་པ་རིང་བ་གཞི་རྩ་ནས་ས་ལ་བགྲད་དེ་སྐྱེ་བ། ལོ་མ་རྣམས་ཀྱི་དབུས་ནས་མེ་ཏོག་ལུག་གི་རྭ་འཁྱིལ་འདྲ་བ་འཆར་བ། མེ་ཏོག་ཡལ་རྗེས་འབྲས་བུའི་དབྱིབས་ལྟོ་བ་ལྡིར་ལ་རྩེ་མོ་རྣོ་བ་ཅན་འདོགས་པ་སྟེ། བོད་ཀྱི་ས་ཁུལ་མང་པོའི་ན་ག་དང༌། གླིང་གསེབ་བཞའ་ཚན་ཆེ་ས། ན་གསེབ་སོགས་སུ་སྐྱེ་བ། མེ་ཏོག་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་ཧམ་རུལ་མ་ཤོར་བར་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་བད་ཀན་སྨུག་པོའི་ནད་དང༌། ཤ་དུག་གི་ནད། རྩ་ནད། ཚ་བས་འཁྲུ་བ། འབྲས་ནད། སྐྲན་གྱི་ནད། གློ་ལུ་བ་སོགས་ལ་ཕན་པ་ཡིན། |
| Domain | གསོ་རིག |