84642
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོ་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་མཆིན་མཁྲིས་ཀྱི་ནད་དང་རླུང་ཚད་སེལ། ཆང་ནད་དང༌། ཐིག་ལེ་འཛག་པ་བཅས་ལ་ཕན། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཆིག་སྐྱེས་རྟིང་པ་རིང་བ་དང༌། སྡོང་པོ་ཕྲ་ལ་ཐུང་བ་ཆིག་རྐྱང་འདྲོང་པོར་སྐྱེ་བ། ལོ་མ་ལྗང་སེར་སྙུང་ལེབ་དབྱིབས་ཅན་སྒྲོ་དབྱིབས་མང་ལོར་སོག་ལེའི་སོ་འདྲའི་ཉག་ག་ཞིབ་པོ་ཡོད་པ་གཞི་རྩ་ནས་ཆུན་པོར་སྐྱེ་ཞིང༌། སྡོང་པོའི་ལོ་མའི་ངར་པ་ཅུང་ཐུང་ལ་རེ་རེས་མོས་སུ་སྐྱེས་ཡོད་པ། མེ་ཏོག་སེར་པོ་སྦུབས་སྟོང་མཆུ་དབྱིབས་ནང་ནས་ལུག་ཐུག་གི་རྭ་འཁྱིལ་འདྲ་བ་འཆར་བ། མེ་ཏོག་ཡལ་རྗེས་འབྲས་བུའི་དབྱིབས་ལྟོ་བ་ལྡིར་ལ་རྩེ་ནོ་རྣོ་བ་ཅན་འདོགས་པ་སྟེ། བོད་ཀྱི་ས་གནས་མང་པོའི་ན་ཁ་དང༌། ཆུ་འགྲམ། གླིང་གསེབ་སོགས་བཞའ་ཚན་ཆེ་བའི་ས་ལས་སྐྱེ་བ་མང༌། མེ་ཏོག་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་ཧམ་རུལ་མ་ཤོར་བ་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་དུག་ནད་བྱེར་བ་སྡུད་ཅིང༌། རྨ་དང་རྣག་ཚད་རྒྱས་པ་འཇོམས་པ་དང༌། ཆུ་བསགས་པ་སེལ་ལ་ཐིག་ལེ་སྲུང་བར་བྱེད་དོ། ། |
| Domain | གསོ་རིག |