From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལུགས་གཉིས་སེམས་བསྐྱེད་ཀྱི་ཁྱད་པར་ (1)
| Part of speech
|
མིང་ཚིག
|
| Definition
|
དབུ་མ་པ་ཉིན་ཞག་གི་མཐའ་ཅན་སོགས་དུས་མ་ངེས་པ་དང། རྩ་བའི་ལྟུང་བ་གཅིག་དང་གཉིས་ལ་སོགས་པ་རང་གི་བློ་ཚོད་དང་སྦྱར་ནས་སྤོང་པ་ཁས་ལེན་པས་བསླབ་བྱའི་གྲངས་ལ་ངེས་པ་མེད་དེ། སྡོམ་གསུམ་སྤྱི་དོན་ལས། མདོར་ན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལ་ནི་སྨོན་པའི་སེམས་མི་ཉམས་པར་བསྲུངས་ནས། འཇུག་པའི་བསླབ་བྱ་ལ་རང་གི་བློ་ཚོད་དང་སྦྱར་ནས་ཇི་ཙམ་ནུས་པར་བསྲུང་ཞིང་དུས་ཀྱང་ཞག་གཅིག་དང་ཟླ་བ་དང་ལོ་དང། ཇི་སྲིད་འཚོའི་བར་དང། བྱང་ཆུབ་ཀྱི་བར་ཇི་ཙམ་བློས་ལེན་པར་ནུས་པ་དེ་ཙམ་བླང་བར་རྗེ་བཙུན་རྩེ་མོས་བཤད་པ་ནི་ལུགས་འདིའི་ཁྱད་པར་གྱི་ཆོས་སུ་ཤེས་པར་བྱ་སྟེ། །ཞེས་སོ། །
|
| Domain
|
ཆོས་ལུགས།
|
ལུགས་གཉིས་སེམས་བསྐྱེད་ཀྱི་ཁྱད་པར་ (2)
| Part of speech
|
མིང་ཚིག
|
| Definition
|
སེམས་ཙམ་པའི་བྱང་ཆུབ་སྙིིང་པོའི་མཐའ་ཅན་ཁོ་ནར་ལེན་པས་དུས་ངེས་པ་མཛད་ལ། མདོ་དང་བྱང་ས་ནས་གསུངས་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་མཐའ་དག་སྤོང་བ་གཞིར་བཞག་གི་དབང་དུ་བྱས་ནས། སེམས་བསྐྱེད་ལེན་པའི་བསླབ་བྱ་མཐའ་དག་ལ་སློབ་པ་ངེས་པ་ཅན་མཛད་པ་ཡིན་ཏེ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་པ་ནི་སྨོན་སེམས་བཏང་བ་དང་ཀུན་དཀྲིས་དྲག་པོས་ཉམས་པ་བྱུང་བས་སྡོམ་པ་གཏོང་ཞིང། བསླབ་བྱ་ཡང་མཐའ་དག་ལ་སློབ་པ་དང། དུས་ཀྱང་བྱང་ཆུབ་ཀྱི་བར་དུ་ལེན་པ་ཁོ་ནར་གསུངས་ཀྱི་དུས་ཡུན་རིང་ཐུང་གི་རྣམ་གཞག་མ་གསུངས་པས། ལུགས་དེ་དག་མ་བསྲེས་པ་སོ་སོར་ཤེས་པར་བྱའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ་ལས་སོ། །
|