84686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ (1)
Part of speech མིང་ཚིག
Definition གོང་རིམ་ནས་འོག་རིམ་ལ་འབབ་པའི་བཀའ་དང་མཛུབ་སྟོན་བསླབ་བྱ་སོགས་ཀྱི་མིང་།
Example རྒྱལ་པོས་བཀའ་ལུང་གནང་སྟེ་གཡུལ་འཁྲུག་འདི་མི་རྒྱག་པའི་ཐག་གཅོད་གནང་ལྟ་བུ།
ལུང་ (2)
Part of speech མིང་ཚིག
Definition གང་ཞིག་གི་བཤད་པར་བྱ་བའི་བརྗོད་གཞི་ལ་ཁུངས་དང་རྒྱབ་རྟེན་བྱེད་པའི་ཚིག་དང་སྐད་ཆ་སོགས་ཀྱི་མིང་།
Example གནས་ལུགས་གང་འདྲ་ཞིག་ཡིན་ན་ཡང་ལུང་ལ་མི་བརྟེན་པར་རིགས་པས་ཐག་གཅོད་པ་ནི་ཤེས་རབ་ཀྱི་མཆོག་རེད་ཅེས་པ་ལྟ་བུ།
ལུང་ (3)
Part of speech མིང་ཚིག
Definition ལུང་པ་ཞེས་པའི་ཚིག་བསྡུས་པ་སྟེ།
Example ཡུལ་ལུང་གང་དུ་སོང་ཡང་། །རང་ཡུལ་སེམས་ནས་མི་བརྗེད། །ཅེས་པ་ལྟ་བུ།
ལུང་ (4)
Part of speech མིང་ཚིག
Definition གཏན་ཚིགས་སུ་ཆེ་ཞིང་དཔང་ཐུབ་པ་ནི་ལུང་གི་མཚན་ཉིད་དོ། །མིང་གཞན་ལ་གཏན་ཚིགས་ཚད་མ་ཞེས་ཀྱང་བརྗོད། ངེས་ཚིག་ནི། ཁུངས་ཆེ་ཞིང་རྒྱུད་ཚིམ་པས་ལུང་ཞེས་བྱ་ལ། བྱེད་ལས་ནི། དྲངས་པས་ཐེ་ཚོམ་ལ་སོགས་ཟློག་པར་བྱེད་པའམ་གསལ་བར་ལ་གཅོད་པར་བྱེད་དེ། དྲང་ན་ཚིམ་བྱེད་ཐེ་ཚོམ་ཟློག། །ཅེས་དང་། ལུང་གིས་ལ་བཅད། ཅེས་པས་སོ། །དཔེ་ནི། ལ་གཅོད་ཀྱི་བློན་པོ་དང་འདྲ་བར་གསུངས་སོ། །དབྱེ་ན། སྟོན་པས་གསུངས་པ་གཏན་ཚིགས་སུ་ཆེ་བའི་ལུང་དང་། སྟོངས་བྱེད་ལྷ་སྨན་གྱིས་གསུངས་པ་དངོས་གྲུབ་ཉམས་སོད་ཀྱི་ལུང། རྟོགས་ཚད་ཐ་དད་ཐེག་སྒོ་བྱེ་བྲག་གི་ལུང་དང་གསུམ་མོ། །དེ་ལའང་། རྒྱུད་དང་ལུང་དང་མན་ངག་གསུམ། །རྗེ་དང་བློན་པོ་འབངས་ཀྱི་ཚུལ། །ངོ་བོ་རྣམ་དབྱེ་བྱེད་ལས་ཡོད། །ཅེས་སོ། །
Domain ཆོས་ལུགས།