84780
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཅིའི་ཕྱིར་འདིར་བསྟན་ལྟ་བ་དེ་རྣམས་ལ་ལུང་མ་བསྟན་ཞེས་བྱ་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ལྟ་བ་ངན་པ་དེས་བསྐྱོད་པའི་དབང་གིས་བདག་ཅག་གི་སྟོན་པ་ལ་དྲི་བ་མི་འདྲ་བ་མང་དུ་ཞུས་པའི་ལན་མ་མཛད་པའི་དོན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྟོན་པས་དེ་རྣམས་ལ་ལན་མི་མཛད་པའི་རྒྱུ་མཚན་ཡོད་དེ། གང་ཟག་གི་བདག་མ་བཀག་པར་དེ་རྣམས་ཀྱི་ལན་མི་མཛད་ལ། བདག་དེ་བཀག་ན་གང་ཟག་དེ་རྣམས་གང་ཟག་གི་བདག་མེད་སྟོན་པའི་སྣོད་དུ་མི་རུང་བས་དོན་དང་མི་ལྡན་པར་འགྱུར་བའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། ཞུས་ན་རྒྱལ་པ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་པར། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་གསུངས་པའི་ཕྱིར། བདག་ཅག་གི་སྟོན་པ་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་པར་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་ལ་སོགས་པ་རྣམས་ཀྱི་ལྟ་བ་ངན་པ་དྲུག་ཅུ་རྩ་བཞི་འབྱུང་ལ། དེ་རྣམས་འདིར་བསྟན་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིར་བསྡུས་པའི་སྒོ་ནས་བདག་ཅག་གི་སྟོན་པ་ལ་དྲི་བ་མི་འདྲ་བ་བཅུ་བཞི་ཞུས་པ་ཡིན་ལ། དེའི་ཚུལ་ཡང་སྐབས་འདིར་བསྟན་གྱི་ལྟ་བ་དེ་ལ་བཅུ་བཞིར་ཡོད་དེ། གང་ཟག་གི་བདག་དང་འཇིག་རྟེན་རྟག་པར་ལྟ་བ། དེ་མི་རྟག་པར་ལྟ་བ། དེ་གཉིས་ཀར་དུ་ལྟ་བ། དེ་གཉིས་ཀ་མ་ཡིན་པར་བདེན་གྲུབ་ཏུ་ལྟ་བ། གང་ཟག་གི་བདག་དང་འཇིག་རྟེན་མཐའ་དང་ལྡན་པར་ལྟ་བ། དེ་དང་མི་ལྡན་པར་ལྟ་བ། དེ་གཉིས་ཀར་དུ་ལྟ་བ། དེ་གཉིས་ཀ་མ་ཡིན་པར་བདེན་གྲུབ་ཏུ་ལྟ་བ། གྲོོལ་བའི་བདག་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བར་ལྟ་བ། མི་འབྱུང་བར་ལྟ་བ༑ འབྱུང་མི་འབྱུང་གཉིས་ཀར་དུ་ལྟ་བ། དེ་གཉིས་ཀ་མ་ཡིན་པར་བདེན་གྲུབ་ཏུ་ལྟ་བ། ལུས་སྲོག་རྫས་གཅིག་ཏུ་བདེན་གྲུབ་ཏུ་ལྟ་བ། དེ་རྫས་ཐ་དད་དུ་བདེན་གྲུབ་ཏུ་ལྟ་བ་རྣམས་སུ་ཡོད་ཅིང༌། སྔ་མ་བཞི་པོ་སྔོན་གྱི་མཐའ་ལ་བརྟེན་པ་དང༌། དེའི་འོག་མ་བཞི་པོ་ཕྱི་མའི་མཐའ་ལ་བརྟེན་པ་དང༌། དེའི་འོག་མ་བཞི་པོ་མྱང་འདས་ཀྱི་མཐའ་ལ་བརྟེན་པ་དང༌། ཕྱི་མ་གཉིས་པོ་ལུས་སྲོག་ལ་བརྟེན་པ་ཡིན་ནོ། །ལྟ་བའི་ཚུལ་ནི། བདག་དང་འཇིག་རྟེན་རང་གི་རྒྱུ་ལ་མ་ལྟོས་པར་གདོད་མ་ནས་གྲུབ་པར་ལྟ་བས་ན་རྟག་པར་ལྟ་བ། རྒྱུ་མེད་དུ་གསར་དུ་འཇིག་པར་ལྟ་བས་ན་མི་རྟག་པར་ལྟ་བ། བདག་དང་འཇིག་རྟེན་ཤི་བའི་འོག་ཏུ་མི་འབྱུང་བར་ལྟ་བས་ན་མཐའ་དང་ལྡན་པར་ལྟ་བ། བདག་དང་འཇིག་རྟེན་ཚེའདིའི་བདག་ཚེ་ཕྱི་མར་འབྱུང་བར་ལྟ་བས་ན་མཐའ་དང་མི་ལྡན་པར་ལྟ་བ། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་གྲོལ་པའི་བདག་རྒྱུན་མ་ཆད་པར་ལྟ་བས་ན་གྲོལ་བའི་བདག་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བར་ལྟ་བ། དེ་མྱ་ངན་ལས་འདས་པའི་ཚེ་གྲོལ་བའི་བདག་རྒྱུན་ཆད་པར་ལྟ་བས་ན་གྲོལ་བའི་བདག་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མི་འབྱུང་བར་ལྟ་བ། དེས་གཞན་རྣམས་ཀྱང་མཚོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ལུང་མ་བསྟན་གྱི་ལྟ་ངན་
|; |@@@ | | }}