84782
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། མུ་སྟེགས་ཀྱི་ལྟ་བ་ལ་གོམས་པ་འགའ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་གང་ཟག་གི་བདག་ཡོད་མེད་དྲིས་པའི་ཚེ་སངས་ཀྱིས་ལན་གང་ཡང་མ་གསུངས་བས་ལྟ་བ་དེ་ལ་ལུང་མ་བསྟན་གྱི་ལྟ་བ་ཞེས་བརྗོད། དེ་ལྟར་གསུངས་པའི་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ལུང་མ་བསྟན་གྱི་ལྟ་བ་ཞིག་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ཡང་མདོ་སྡེ་ཚངས་པའི་དྲ་བར་མུ་སྟེགས་ཀྱི་ལྟ་ངན་དྲུག་ཅུ་རྩ་གཉིས་གསུངས་ཏེ། སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད། ཕྱི་མའི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞི་གསུངས་པའི་ཕྱིར། དེ་ཡང་མུ་སྟེགས་རྣམས་ཀྱིས་སྟོན་པ་ལ་བདག་དང་འཇིག་རྟེན་མཐའ་དང་ལྡན་ནམ་ཞེས་ཞུས་པས། དེའི་ཚེ་སྟོན་པས་དྲི་བ་དེའི་ལན་མ་མཛད་པས་ལུང་དུ་མ་བསྟན་པའི་ལྟ་བ་ཞེས་བྱ། དྲི་བའི་ལན་མི་མཛད་པའི་རྒྱུ་མཚན་ཡོད་དེ། དྲི་བ་དེ་ཁྱད་གཞི་གང་ཟག་གི་བདག་ལས་བརྩམས་པ་ཡིན་པས། གང་ཟག་གི་བདག་མ་བཀག་ན་བདག་ལྟ་ཇེ་ཆེར་འཕེལ་བར་འགྱུར་ཞིང། རེ་ཤིག་བདག་མེད་བསྟན་པའི་སྣོད་དུ་མི་རུང་བར་གཟིགས་པའི་ཕྱིར། ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལུང་མ་བསྟན་གྱི་ལྟ་བ་
|; |@@@ | | }}